ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཉི་ཧོང་དང་རྒྱ་ནག་གཉིས་ཀྱི་མཚོ་གླིང་སྟོང་པའི་ཐད་ཀྱི་འགལ་ཟླ་ཆེ་རུ་འགྲོ་བཞིན་པ།


རྒྱ་ནག་དང་ཉི་ཧོང་གི་བར་ལ་དུས་ཡུན་རིང་བའི་གླིང་ཕྲན་ཚོ་གཅིག་གི་ཐད་རྩོད་གླེང་བྱེད་བཞིན་ཡོད་ཅིང་། བདུན་ཕྲག་འདིའི་ནང་ཡུལ་གཉིས་ཀྱིས་དམག་དོན་སྦྱོང་བརྡར་བྱེད་པའི་བརྒྱུད་ནས་གནད་དོན་དེ་མངོན་གསལ་དོད་དུ་སོང་ཡོད་པ་རེད། དམག་སྦྱོང་འདི་དག་དང་ལྷག་པར་དུ་རྒྱ་ནག་གིས་ས་ཁུལ་དེར་མི་མེད་གནམ་གྲུ་གཏོང་ཤུགས་ཆེ་རུ་སོང་བ་ལ་གཞིག་ན་ཡུལ་གཉིས་དབར་ལ་འདོད་མོས་མེད་བཞིན་དུ་གདོང་གཏུག་གི་འཐབ་འཛིང་ཡོང་སྲིད་ཡིན་དཔྱད་ཞིབ་པ་ཚོས་པ་ཉེན་བརྡ་བཏང་ཡོད་པ་རེད། དེའི་སྐོར་ལ་ཀོ་རི་ཡའི་རྒྱལ་ས་སོལ་ནས་བཏང་བའི་གནས་ཚུལ་དེ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕམ་བསྒྱུར་དང་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG