ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་སི་རལ་གྱིས་གྷ་ཟ་ཐང་གཤོང་ལ་དཔུང་འཇུག


ཨི་སི་རལ་གྱི་རྐང་དམག་དང་ལྕགས་འཁྲབ་འཁོར་ལོ། མེ་སྒྱོགས་དཔུང་སྡེ་བཅས་ཀྱིས་ས་ཐོག་ནས་པ་ལི་སི་ཐན་གྱི་རང་སྐྱོང་ས་ཁུལ་གྱི་གྷ་ཟ་ཐང་གཤོང་ལ་དཔུང་འཇུག་བྱེད་ཀྱི་ཡོད་ཅིང་། ཨི་སི་རལ་གྱི་གནམ་དམག་གིས་ཐད་འཕུར་གནམ་གྲུའི་ནང་ནས་ཧ་མ་སི་དྲག་སྤྱོད་ཤོག་ཁག་གི་འཐབ་མོ་བ་ཚོར་གཏོར་བྱས་ཏེ། མདང་དགོང་མཚན་ལ་གྷ་ཟ་ཐང་གཤོང་གི་ས་གནས་ཁག་ཏུ་མེ་ཤུགས་འཕུལ་མདེལ་དང་མེ་སྒྱོགས་མདེའུ་བཀད་པའི་མེ་ལྕེ་དམར་པོ་གནམ་ལ་ཕྱུར་པ་དང་། ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་ཀྱང་ཨི་སི་རལ་གྱི་ཕྱོགས་སུ་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་བྱེད་ཀྱི་ཡོད་པས། དེ་རིང་གཟའ་པ་སངས་གཅིག་པུར་པ་ལི་སི་ཐན་བ་༢༣་དང་ཨི་སི་རལ་གྱི་དམག་གཅིག་བཅས་ཁྱོན་བསྡོམས་མི་༢༤་ལ་སྲོག་སྐྱོན་བྱུང་བ་དང་། གྷ་ཟ་ཐང་གཤོང་ལ་འཚོ་གནས་བྱེད་བཞིན་ཡོད་པའི་པ་ལི་སི་ཐན་བ་ས་ཡ་གཉིས་ཙམ་དམག་འཁྲུག་གི་དཀྱིལ་ལ་ཚུད་ནས་རྒོལ་རྡུང་དང་གཏོར་བཤིག བཟའ་བཏུང་དང་སྨན་སོགས་ཉིན་རེའི་འཚོ་བའི་མཐུན་རྐྱེན་ཆད་ནས་དཀའ་སྡུག་ཆེན་པོ་མྱོང་གི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG