ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨི་སི་རལ་གྱིས་གྷ་ཟ་ཐང་གཤོང་ལ་དཔུང་འཇུག་བྱས་པའི་དཀའ་ངལ།


ཨི་སི་རལ་གྱི་དམག་གིས་གྷ་ཟ་ཐང་གཤོང་གི་པ་ལི་སི་ཐན་རང་སྐྱོང་ས་ཁུལ་ལ་དམག་དཔུང་བྱས་ནས་ཉི་མ་འགའ་ཞིག་སོང་བ་དང་། ད་ལྟ་ཨི་སི་རལ་གྱི་དམག་༢༥་དང་མི་མང་དཀྱུས་མ་གཅིག ད་དུང་པ་ལི་སི་ཐན་བ་༥༥༠་ལྷག་ལ་སྲོག་སྐྱོན་བྱུང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་དང་ཨི་སི་རལ་གྱི་རྒྱལ་ནང་དུ་གྷ་ཟ་ཐང་གཤོང་གི་དཔུང་འཇུག་དམག་འཁྲུག་མྱུར་དུ་མཚམས་འཇོག་བྱེད་དགོས་ཞེས་གཞུང་གི་འགོ་ཁྲིད་ཚོར་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཨི་སི་རལ་གྱི་དམག་དོན་མི་སྣ་ཚོས་བཤད་པ་ལྟར་ན། ཁོ་ཚོས་གྷ་ཟ་ཐང་གཤོང་ལ་དཔུང་འཇུག་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་མེ་ཤུགས་འཕུར་མདེལ་བརྒྱབ་སྟེ། ཉེ་དུས་ཤིག་ནས་ཨི་སི་རལ་གྱི་ས་གནས་ཁག་ལ་གཏོར་རྒོལ་ཕོག་གི་ཡོད་པ་འགོག་ཐབས་དང་། ཧ་མ་སི་དྲག་སྤྱོད་ཤོག་ཁག་གི་འཐབ་མོ་བ་རྣམས་ས་དོང་ནང་ནས་ཨི་སི་རལ་གྱི་ས་ཐོག་ཏུ་སིམ་འཛུལ་བྱས་ཏེ། ཁོ་ཚོས་ཨི་སི་རལ་གྱི་དམག་དང་མི་མང་སོགས་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པ་འགོག་ཐབས་ཡིན་ཞེས་འགྲེལ་བཤད་རྒྱག་གི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG