ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁ་ཆེ་རྒྱལ་ཁམས་དང་དེའི་སྟོབས་ཤུགས།


༄༅།། སྐབས་ཤིག་ཁ་ཆེའི་རྒྱལ་ཁམས་ཟེར་བའི་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་ཤིག་ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་གཞིས་ཚུགས་པར་མ་ཟད། སི་རི་ཡའི་ར་ཁཱ་ཞེས་པའི་གྲོང་ཁྱེར་དེ་ཁ་ཆེའི་རྒྱལ་ཁམས་ཀྱི་རྒྱལ་སར་གྱུར་པ་དང་། ད་ལོའི་ཕྱི་ཟླ་གསུམ་པའི་ནང་དུ་ཨ་རིའི་དམག་དཔུང་གི་རྒྱབ་སྐྱོར་འོག་ཏུ་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པའི་སྒྲིག་འཛུགས་དེ་ཉིད་རྩ་མེད་བཏང་ཞིང་། ཁ་སྔོན་ཕྱི་ཟླ་༡༠་པའི་ནང་དུ་ཨ་རིའི་དམིགས་བསལ་གྱི་སྦྱོང་བརྡར་ཐོབ་པའི་འཕྲལ་སྒྲུབ་དམག་གིས་ཁ་ཆེའི་རྒྱལ་ཁམས་ཀྱི་འགོ་ཁྲིད་ཨ་བྷུ་བྷ་ཁར་ཨལ་བྷག་དྷ་དྷི་བཟའ་མི་འཁོར་དང་བཅས་པ་བསད། ར་ཁཱ་གྲོང་ཁྱེར་གྱི་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པའི་སྟོབས་ཤུགས་ཀྱང་ཉམས་དམས་སུ་སོང་མོད། འོན་ཀྱང་ད་ལྟ་ཨི་རཀ་དང་སི་རི་ཡའི་ས་གནས་ཁག་ཅིག་ཏུ་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་རྣམས་རོ་ལངས་རྒྱག་གི་ཡོད་པའི་རྣམ་པ་ཐོན་གྱི་ཡོད་པའི་སྐོར། ཨ་རི་རླུང་འཕྲིན་ཁང་གི་གསར་འགོད་པ་ཇཱེབ་སེལ་ཌོན་གྱིས་སྤེལ་པའི་གནས་ཚུལ་དེ་རྡོ་རྗེ་ཐོགས་མེད་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG