ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨི་རག་གི་མཐོ་རིམ་དམག་སྤྱི་ཞིག་གིས་ཨ་རིའི་དམག་དཔུང་ཕྱིར་འཐེན་སྔ་དྲགས་ཅེས་བརྗོད་ཡོད།


ཨི་རག་གི་ཆེས་མཐོའི་དམག་སྤྱི་ བྷར་བྷར་ཁར་ ཛི་བྷར་རི་ཡིས་ད་རིང་གཟའ་ལྷག་པའི་ཉིན་མོ་རྒྱལ་སྲུང་གནད་དོན་ཐད་ཀྱི་ཚོགས་ཆེན་ཞིག་གི་ཐོག་ཨ་རིའི་དཔུང་དམག་ཨི་རག་ནང་༢༠༢༠ ལོའི་བར་དུ་བཞག་དགོས་པ་རེད་ཅེས་དང་ ཨི་རག་གི་དམག་མི་ཚོས་རྒྱལ་སྲུང་གི་ལས་འགན་ཆ་ཚང་ལེན་ཐུབ་པའི་ནུས་པ་དང་ལྡན་པ་ཞིག་ཆགས་རྒྱུར་ད་དུང་ལོ་བཅུ་ཙམ་འགོར་གྱི་རེད་ཅེས་གསུངས་ཡོད་པ་རེད།
ཡིན་ནའང་ཨ་མི་རི་ཀའི་གཞུང་གིས་ ཨི་རག་ནང་གི་ཨ་རིའི་དམག་འཐབ་དངོས་ཀྱི་ལས་འགན་ཁག་ད་ནས་གཟའ་འཁར་ལྡ་ཙམ་ནང་ཚུད་དུ་མཇུག་བསྡུ་བྱ་རྒྱུ་དང་ དཔུང་དམག་ཡོངས་རྫོགས་ཕྱིར་འཐེན་བྱ་རྒྱུ་དེ་སྡོན་འཆར་བཞིན་ ༢༠༡༡ ལོའི་ལོ་མཇུག་ལ་བྱེད་ཀྱི་ཡིན་ཞེས་གསུངས་ཡོད་པ་རེད།

XS
SM
MD
LG