ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨི་རག་དང་ཁ་ཆེ་དྲག་སྤྱོད་པ།


རེས་གཟའ་ཉིན་མའི་ཉིན་ཨི་རག་གི་བྱང་ཕྱོགས་སུ་ཆགས་པའི་ཨན་བྷར་ཞིང་ཆེན་ནང་ ཁ་ཆེ་དྲག་སྤྱོད་པ་ཚོས་ཁར་ཊ་བདེ་འཇགས་་ལས་ཁུངས་ཤིག་ལ་འབར་རྫས་ཀྱིས་གཏོར་རྒོལ་བྱས་ཏེ་ ཞིང་ཆེའི་དེའི་བདེ་འཇགས་གཙོ་འཛིན་གཙོས་པའི་མི་གྲངས་་༢༩་རྐྱེན་ལམ་དུ་བཏང་ཡོད་པ་མ་ཟད་ མི་གྲངས་༩༠་ཙམ་ལ་རྨས་སྐྱོན་བྱུང་ཡོད་པ་རེད་ ཞིང་ཆེའི་དེའི་ས་ཁུལ་བརྒྱ་ཆ་ ༨༠་ཙམ་་ཁ་ཆེ་དྲག་སྤྱོད་པས་བཙན་བཟུང་བྱས་ཟིན་ཡོད་པ་ཞིང་ཆེན་གྱི་སྤྱི་ཁྱབ་གཞོན་པས་འགྲེལ་བརྗོད་བྱས་པ་དང་ཆབས་ཅིག་ མནའ་སྦྲེལ་ཡུལ་གྲུ་ཁག་གིས་ཁ་ཆེ་དྲག་སྤྱོད་པའི་དྲག་པོའི་རྟེན་གཞི་ཁག་གི་ཐོག་མཁའ་ཐོག་ནས་ནུས་པ་ལྡན་པའི་གཏོར་རྒོལ་མ་བྱས་ཚེ་ ཞིང་ཆེན་དེ་བཞིན་ཉིན་༡༥་ནང་ཚུན་ནང་ཁ་ཆེ་དྲག་སྤྱོད་པའི་ལག་འོག་ཏུ་ཤོར་རྒྱུའི་ཉེན་ཀ་ཆེན་པོ་ཡོད་པའི་ཉེན་བརྡ་བཏང་ཡོད་པ་རེད།

ཞིང་ཆེན་དེའི་འགོ་ཁྲིད་གཞན་ཁག་གིས་ཀྱང་ཨི་རག་དབུས་གཞུང་གིས་ཨན་བྷར་ཞིང་ཆེན་ནང་དམག་མི་ཁ་སྣོན་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་མ་ཟད་ཁ་ཆེ་དྲག་སྤྱོད་པ་ཚར་གཅོད་རྒྱུའི་ཆེད་དུ་ཨ་མི་རི་ཀའི་དཔུང་དམག་གཏོང་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG