ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རི་དང་ཨ་རི་གཉིས་ཀྱིས་ཨི་རན་གྱི་རྡུལ་ཕྲན་ལས་འཆར་ལ་གྲོས་མོལ།


༄༅།། ཕྱི་ཟླ་༩་ཚེས་༢༦་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཞོར་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཨི་རན་གྱི་ཕྱི་སྲིད་བློན་ཆེན་གཉིས་ཐུག་འཕྲད་བྱས་ཡོད་པ་དང་། ད་ཐེངས་ཀྱི་ཐུག་འཕྲད་དེ་ཨ་མི་རི་ཀ་དང་ཨི་རན་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཞིག་ལོ་ངོ་༣༦་གི་རྗེས་སུ་ཐུག་འཕྲད་བྱུང་བ་ཐེངས་དང་པོ་ཡིན་ཞིང་། རྩ་བའི་ཁ་སང་གཟའ་ཕུར་བུའི་ཉིན་ཨི་རན་གྱི་ཕྱི་སྲིད་བློན་ཆེན་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཉིས་ཐུག་འཕྲད་བྱུང་བ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཡིན་རུང་། ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ཁག་ལ་རྟོག་ཞིབ་བྱེད་དུ་འཇུག་རྒྱུ་ཡིན་མིན་དང་ཨི་རན་ལ་རྡུལ་ཕྲན་ནུས་ཤུགས་ཀྱི་དགོས་མཁོ་ཅི་ཞིག་ཡོད་མེད་ངེས་གཏན་བྱ་རྒྱུ། ཨི་རན་གྱི་རྡུལ་ཕྲན་ལས་གྲྭ་ཁག་རྒྱ་སྐྱེད་གཏོང་གི་ཡོད་པ་མཚམས་འཇོག་བྱ་རྒྱུ་དང་། ཨ་མི་རི་ཀ་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ཡོད་པ་ཕྱིར་འཐེན་བྱེད་རྒྱུ་ཡིན་མིན། ཨི་རན་གྱི་སྲིད་འཛིན་ལ་གནད་འགག་ཆེ་བའི་ལས་དོན་དེ་དག་ཐག་གཅོད་བྱེད་ཐུབ་པའི་དབང་ཚད་ཡོད་མེད་རྣམས་གསལ་བོ་མེད་ཅིང་། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཞོར་དུ་ཨི་རན་གྱི་སྲིད་འཛིན་གསར་པ་དང་ཨ་རིའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་གཉིས་ཐུག་འཕྲད་གྲོས་མོལ་བྱུང་མེད་པ་དང་། ཁོང་ཚོ་ཐུག་འཕྲད་མ་བྱུང་བའི་འགོག་རྐྱེན་ཡང་ཨི་རན་གྱི་རྡུལ་ཕྲན་ལས་གཞི་དམག་དོན་ལ་འབྲེལ་བ་ཡོད་མེད་ཕྱོགས་གཉིས་ལྟ་ཚུལ་མ་མཐུན་པ་དེར་ཐུག་ཡོད་པ་རེད།།
XS
SM
MD
LG