ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་འཛིན་རོ་ཧ་ཎིས་དོན་ཕན་ལྡན་པའི་གྲོས་མོལ་བྱ་དགོས་ཞེས་འབོད་སྐུལ་ཞུས་པ།


ཨི་རན་གྱི་སྲིད་འཛིན་རོ་ཧ་ཎིས་ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་ཕྱི་འབྲེལ་ལས་ཁུངས་ཁག་གི་འགོ་ཁྲིད་ཚོར་མཇལ་འཕྲད་གནང་སྟེ། ཁོང་གིས་ཨི་རན་གྱི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྟོག་ཞིབ་པ་ཚོར་སྒོ་མོ་ཡངས་པོར་ཕྱེ་ཡོད་ཅེས་བརྗོད་ཡོད་པ་མ་ཟད། ཨི་རན་ལ་ཁ་ཆེའི་གསར་བརྗེ་ལངས་ནས་ལོ་ངོ་༣༥་འཁོར་པའི་དུས་དྲན་མཛད་སྒོའི་སྟེང་དུའང་སྲིད་འཛིན་རོ་ཧ་ཎིས་ཨི་རན་མི་མང་ལ་ང་ཚོས་དྲང་བདེན་དང་དོན་ཕན་ལྡན་པའི་གྲོས་མོལ་ཞིག་བྱ་ཐུབ་རེ་བ་རྒྱག་བཞིན་ཡོད་ཅེས་གཏམ་བཤད་གནང་འདུག་པའི་སྐོར། ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།
XS
SM
MD
LG