ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨིན་དྲོ་ནེ་ཤི་ཡའི་ཡི་ཤུའི་མཆོད་ཁང་ཐོག་འབར་མདེལ་འཕངས་ཡོད་པ།


ཨིན་དྲོ་ནེ་ཤི་ཡའི་ཡི་ཤུའི་མཆོད་ཁང་ཐོག་འབར་མདེལ་འཕངས་ཡོད་པ།

ཨིན་དྲོ་ནེ་ཤི་ཡའི་དབུས་ཇའ་ཝ་གླིང་ཕྲན་ནང་ཡོད་པའི་ཡི་ཤུའི་མཆོད་ཁང་ཞིག་ལ་རང་སྲོག་རང་གཅོད་བྱེད་མཁན་ཞིག་གིས་རེས་གཟའ་ཉི་མའི་ཉིན་འབར་མདལ་གྱི་གཏོར་རྒོལ་བྱས་པའི་རྐྱེན་གྱིས་ཆོས་ལུགས་དབར་དྲག་ཟིང་ལང་སྲིད་པའི་བློ་འཚབ་གསར་པ་ཞིག་ཆགས་ཡོད་པ་དང་ ལོ་འདིའི་ནང་ཡུལ་གྱི་ས་ཁུལ་ཁྱོན་ཡོངས་ཀྱི་ནང་ ཡི་ཤུ་དང་གྲངས་ཉུང་ཚོགས་སྡེ་ཁག་གི་ཐོག་ཆོས་ལུགས་སྡང་འཛིན་གྱི་གནས་ཚུལ་རིམ་པ་ཞིག་བྱུང་བའི་རྗེས་རེ་གཟའ་ཉི་མའི་ཉིན་བྱུང་བའི་གཏོར་རྒོལ་དེ་ཁ་ཆེ་མཐར་ལྷུང་བའི་ཚོགས་སྡེ་ཚོའི་བྱ་སྤྱོད་ཡིན་པ་གནད་དོན་དཔྱད་ཞིབ་པ་རྣམས་་ཀྱིས་བརྗོད་ཀྱི་ཡོད་པ་སོགས་རྒྱལ་ས་ཇ་ཀར་ཏ་ནས་གསར་འགོད་པ་ཀེཌ་ལེམབ་གྱི་སྤེལ་བའི་་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG