ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་ཟས་སོང་བརྒྱ་ཆ་༨་ལྷག་འཕར་པ།


རྒྱ་གར་གཞུང་གིས་མང་ཚོགས་ཀྱི་དཀའ་ངལ་སེལ་པར་ཟས་སོང་རིན་གོང་ཆུང་དུ་གཏོང་རྒྱུའི་ཐབས་ལམ་གསར་པ་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་སྟེ། རྒྱ་གར་གྱི་དངོས་ཟོག་རིན་གོང་འཕར་ཆག་གི་ཚད་གཞི་འཛིན་ས་གཙོ་བོ་དེ་ཟས་རིགས་སྡེབ་ཚོང་ཁག་གི་གོང་ཚད་གཏན་འབེབས་བྱས་ཡོད་པ་དེར་ཚད་འཛིན་བྱེད་དགོས་ཤིང་། ཟླ་བ་སྔོན་མར་རྒྱ་གར་གྱི་ཁྲོམ་ར་ཁག་ཏུ་དངོས་ཟོག་གི་རིན་གོང་བརྒྱ་ཆ་༨་དང་བཅུ་ཟུར་༤༣་འཕར་པ་དེ་ནི། སྔ་ལོའི་ཕྱི་༡༡་པར་དངོས་ཟོག་གི་རིན་གོང་འཕར་ཚད་དེ་ལས་བརྒྱ་ཆ་གཅིག་མ་ཟིན་མང་དུ་སོང་ཡོད་པ་དང་། ད་ལྟ་རྒྱ་གར་ལ་དངོས་ཟོག་གི་རིན་གོང་མུ་མཐུད་དུ་འཕར་ཡོད་བཞིན་པ་དེས་ཟླ་བ་རྗེས་མར་དངུལ་སྒོར་བུན་གཡར་དང་གསོག་འཇོག་གི་སྐྱེད་ཀ་ཡང་འཕར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG