ངོ་འཕྲད་བདེ་བའི་དྲ་འབྲེལ།

ཟླ་བ་གཅིག་ལྷག་གི་རིང་རྒྱ་གར་རྒྱལ་ཡོངས་སུ་གྲོས་ཚོགས་འཐུས་མི་འོས་འདེམས་བྱས་ཟིན་པར་བརྟེན། རྒྱུན་རིང་རྒྱ་གར་མི་མང་གིས་རྒྱབ་སྐྱོར་ཐོབ་སྟེ་འོས་བསྡུའི་ཁྲོད་དུ་ཡང་ཡང་རྒྱལ་ཁ་ཐོབ་མྱོང་མཁན་congress ཚོགས་པར་ཕམ་ཉེས་བྱུང་ཡོད་པ་རེད། འདི་ནི་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་འདིའི་ལོ་རྒྱུས་ཁྲོད་དུ་འོས་ཤོག་ཐོབ་གྲངས་དམའ་ཤོས་དང་། ཕམ་ཉེས་ཤོར་ཚད་སྡུག་ཤོས་དེ་ཡིན་པས། དེ་རིང་གཟའ་ཟླ་བའི་ཉིན་ལ་ཚོགས་པ་འདིའི་འགོ་ཁྲིད་ཚོས་ཚོགས་པ་འདིའི་ནང་ཁུལ་གྱི་སྒྲོམ་གཞི་ལ་བསྒྱུར་བཅོས་གཏོང་དགོས་པའི་བགྲོ་གླེང་བྱས་ཡོད་འདུག ཚེ་རིང་སྐྱིད་ཀྱིས་འདིའི་སྐོར་སྙན་སྒྲོན་ཞུ་རྒྱུ་རེད།
XS
SM
MD
LG