ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་གར་དང་ཝིཏ་ནམ་གྱི་དམག་དོན་འབྲེལ་བ།


རྒྱ་གར་གྱི་ཆེས་དེང་རབས་ཅན་གྱི་དམག་གྲུ་ཞིག་ཝིཏ་ནམ་གྱི་བྱང་ཕྱོགས་སུ་ཡོད་པའི་ཧེའི་ཧྥོང་མཚོ་ཁར་སྐོར་སྐྱོད་དང་། དེ་ནས་རྒྱ་གར་གྱི་དམག་གྲུ་དེ་དང་ཝིཏ་ནམ་གྱི་མཚོ་དམག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་མཉམ་འབྲེལ་དམག་སྦྱོང་བྱ་འཆར་ཡོད་པས། ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་ནག་དང་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་མངའ་ཁོངས་བདག་རྩོད་ཀྱི་འགལ་ཟླ་ཡོད་པ་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཀ་ཡོད་ཀྱང་། རྒྱ་གར་གྱི་མཚོ་དམག་གི་མགྲིན་ཚབ་པ་ཞིག་གིས་བཤད་པ་ལྟར་ན། མེ་ཤུགས་འཕུར་མདེལ་རང་འགྲིགས་སུ་ཡོད་པའི་རྒྱ་གར་གྱི་དམག་གྲུ་དེ་ཟླ་བ་སྔོན་མར་ཨ་མི་རི་ཀས་གོ་སྒྲིག་བྱས་པའི་ཞི་བདེ་རྒྱ་མཚོའི་མཉམ་འབྲེལ་དམག་སྦྱོང་ལ་ཡང་ཞུགས་ཡོད། ཞི་བདེའི་རྒྱ་མཚོའི་མཉམ་འབྲེལ་དམག་སྦྱོང་ལ་ཨ་མི་རི་ཀ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་དང་རྒྱ་ནག་སོགས་རྒྱལ་ཁབ་༢༠་ཡས་མས་ཤིག་གི་མཚོ་དམག་རྣམས་མཉམ་ཞུགས་བྱས་ཏེ། སྐབས་དེར་མཉམ་འབྲེལ་དམག་སྦྱོང་ལ་ཞུགས་པའི་རྒྱལ་ཁབ་ཁག་གིས་རང་གི་མཚོ་དམག་གི་སྟོབས་ཤུགས་ངོམ་ཡོད་ཅེས་བཤད་ཡོད་ཅིང་། རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ས་ཁྱོན་བརྒྱ་ཆ་༩༠་ལྷག་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བདག་རྩོད་བྱེད་ཀྱི་ཡོད་པས། རྒྱ་གར་གཞུང་གིས་དེ་ལ་བློ་འཚབ་བྱས་ནས་ཝིཏ་ནམ་དང་ཧྥི་ལི་ཕིན་སོགས་ལ་དམག་གི་འབྲེལ་བ་ཡར་རྒྱས་བཏང་སྟེ། ཉེ་ཆར་རྒྱ་གར་གྱི་མཚོ་དམག་ལ་འཐབ་འཛིང་གནམ་གྲུ་འཁྱེར་སྤྱད་དམག་གྲུ་གཉིས་པ་ཞིག་མཁོ་སྤྲོད་བྱས་པ་དང་། རྒྱ་གར་གྱི་མཚོ་དམག་གི་སྟོབས་ཤུགས་ཕྱོགས་གང་ཐད་དུ་ཡར་རྒྱས་གཏོང་གི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG