ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཕྱི་ཟླ་བཞི་བར་རྒྱ་གར་གྱི སྤྱི་ཡོངས་འོས་འདེམས་བྱ་འཆར།


ཟླ་བ་རྗེས་མར་རྒྱ་གར་ལ་སྤྱི་ཡོངས་འོས་འདེམས་ཆེན་མོ་བྱ་རྒྱུའི་འཆར་གཞི་ཡོད་ཅིང་། རྒྱ་གར་གྱི་འདེམས་བསྐོ་ལྷན་ཁང་གིས་སྤྱི་ཡོངས་འོས་བསྡུ་དེ་དག་ཕྱི་ཟླ་༤་ཚེས་༧་ནས་འགོ་ཚུགས་ཏེ། ད་ལོའི་འོས་འདེམས་ཀྱི་དངོས་གཞིའི་འགྲན་བསྡུར་ལ་ཕྱོཌ་འགལ་རྒྱ་གར་གྱི་མི་མང་ཚོགས་པ་དང་གཞུང་འཛིན་ཀོང་རེ་སེ་ཚོགས་པ་གཉིས་ཐུག་རྒྱུ་ཡིན་ལུགས་བཤད་ཡོད་པ་སོགས་ཀྱི་སྐོར། ཨ་མི་རི་ཀའི་རྒྱང་སྲིང་རླུང་འཕྲིན་ཁང་གི་གསར་འགོད་པ་ཨན་ཇ་ཎས་ལྡི་ལི་ནས་བཏང་བའི་གནས་ཚུལ་དེ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG