ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་དང་རྒྱ་གར་གྱི་གོ་མཚོན་འབྲེལ་ལམ།


བལ་ཡུལ་གཞུང་གིས་རྒྱ་གར་ལ་གོ་མཚོན་ཐོ་གཞུང་ཞིག་ཕུལ་ཏེ། བལ་ཡུལ་ནང་གོ་མཚོན་མཁོ་སྤྲོད་བྱ་དགོས་པའི་དགོས་མདུན་བཏོན་པ་ལྟར། ད་ལྟ་རྒྱ་གར་གཞུང་གིས་བལ་ཡུལ་ལ་གོ་མཚོན་མཁོ་སྤྲོད་ཀྱི་ལས་གཞི་མགོ་བརྩམས་ཡོད་པ་རེད་འདུག གནད་དོན་འདི་ནི་གཟའ་འཁོར་སྔོན་མའི་ནང་རྒྱ་ནག་གི་སྲིད་བློན་ཝིན་ཅ་པོ་བལ་ཡུལ་དུ་དུས་ཐུང་གི་ལྟ་སྐོར་ལ་ཕེབས་རྗེས་དང་འཁེལ་ཡོད་པ་དང་། ཡང་ཝིན་ཅ་པོ་བལ་ཡུལ་ནང་ལྟ་སྐོར་སྐབས། རྒྱ་ནག་གིས་བལ་ཡུལ་ལ་རོགས་དངུལ་སྤྲད་དེ་བོད་མི་སྐྱབས་བཅོལ་བ་ཚོར་ས་མཚམས་ནས་ལྟ་རྟོགས་ཀྱིས་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་པར་བརྗོད་ཡོད་པ། བལ་ཡུལ་གྱིས་རྒྱ་གར་ལ་འགྲེལ་བརྗོད་བྱེད་ཡོད་པ་སོགས་ཀྱི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG