ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱིས་ར་ཤི་ཡ་ནས་འཐབ་འཛིང་གནམ་གྲུ་ཉོ་འཆར།


རྒྱ་གར་གྱིས་ར་ཤི་ཡ་ནས་ལོ་བཅུའི་ནང་ཚུད་དུ་འཐབ་འཛིང་གནམ་གྲུ་༢༥༠་ནས་༣༠༠་ཡས་མས་ཤིག་ཉོ་འཆར་ཡོད་པ་དེ་ནི། ད་བར་རྒྱ་གར་དང་ར་ཤི་ཡ་རྒྱལ་ཁབ་གཉིས་ཀྱིས་མིང་རྟོགས་བཀོད་པའི་རྒྱལ་སྲུང་དང་འབྲེལ་བའི་ཚོང་ལས་གན་རྒྱ་ཆེ་ཤོས་ཤིག་ཡིན་ཞིང་། རྒྱ་གར་དང་ར་ཤི་ཡ་གཉིས་ཟུང་འབྲེལ་ཐོག་ཏུ་འཐབ་འཛིང་གནམ་གྲུ་རིམ་པ་ལྔ་པ་ཅན་ཞིག་བཟོ་སྐྲུན་བྱ་རྒྱུ་དང་། ར་ཤི་ཡས་རྒྱ་གར་ལ་བཀོལ་སྤྱོད་སྣ་མང་ཡོད་པའི་གནམ་གྲུ་༤༥་མཁོ་སྤྲོད་བྱ་རྒྱུ་ཡིན་ཞེས་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་གྱིས་གསུངས་འདུག

XS
SM
MD
LG