ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

འབྲས་ལྗོངས་ཀྱི་ས་ཡོམ་ནང་དུ་མི་ལ་སྲོག་སྐྱོན་ཕོག་པའི་གྲངས་འབོར་ཇེ་མང་།


འབྲས་ལྗོངས་ཀྱི་ས་ཡོམ་ནང་དུ་མི་ལ་སྲོག་སྐྱོན་ཕོག་པའི་གྲངས་འབོར་ཇེ་མང་།
འབྲས་ལྗོངས་ཀྱི་ས་ཡོམ་ནང་དུ་མི་ལ་སྲོག་སྐྱོན་ཕོག་པའི་གྲངས་འབོར་ཇེ་མང་།

ཕྱི་ཟླ་༩་ཚེས་༡༩་ཉིན་རྒྱ་གར་གྱི་འབྲས་ལྗོངས་མངའ་སྡེར་ས་ཡོམ་འགུལ་ཚད་༦་དང་གྲངས་ཆུང་༨་བརྒྱབ་ནས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ་ཆེན་པོ་ཕོག་ཡོད་པ་དང་། ད་བར་མི་༩༡་ལ་སྲོག་སྐྱོན་ཕོག་ཡོད་པ་དེ་དག་གི་གྲས་སུ་རྒྱ་གར་གྱི་གློག་ཁང་ཞིག་གི་བཟོ་བ་༡༧་ཡང་ཚུད་ཡོད་པ་སྟེ། གློག་ཁང་དེའི་བཟོ་བ་༡༠་ཐམ་པ་རླངས་འཁོར་དང་བཅས་ཏེ་ས་འོག་ཏུ་མནན་ནས་ཤི་བ་དང་། བཟོ་བ་གཞན་པ་༧་རི་བསྙིལ་ནས་ས་དང་རྡོ། འདམ་ཉོག་འོག་ཏུ་མནན་ནས་འཆི་སྐྱོན་ཕོག་ཡོད་ཅིང་། འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཐེངས་འདིའི་ས་ཡོམ་དེས་འབྲས་ལྗོངས་མངའ་སྡེ་ཡོངས་སུ་མི་མང་གི་ཁང་པ་དང་རྒྱ་ལམ། མང་ཚོགས་ལ་འཐུང་ཆུ་འདྲེན་གཏོང་བྱེད་པའི་ལྕགས་སྦུགས་དང་གློག་སྐུད་བཅས་ལ་གཏོར་བཤིག་ཕོག་པའི་གྱོང་གུད་དེ་ཨ་སྒོར་དུང་ཕྱུར་༢༠༠་ལྷག་བརྒལ་རྒྱུ་ཡིན་པ་དང་། ང་ཚོས་དུས་ཚོད་དང་ལག་སྔ་བརྩད་ནས་མི་མང་ཉེན་སྐྱོབ་བྱེད་བཞིན་ཡོད། ཡིན་ནའང་འབྲས་ལྗོངས་ས་གནས་ཀྱི་མི་མང་གི་ཁང་པ་དང་རྒྱ་ལམ། གློག་སྐུད་ཆད་ཡོད་པ་དང་འཐུང་ཆུ་འདྲེན་གཏོང་བྱེད་པའི་ལྕགས་སྦུགས་དེ་རྣམས་སླར་གསོ་བྱེད་པར་ཟླ་བ་མང་པོ་འགོར་རྒྱུ་ཉག་ཅིག་ཡིན་ཞེས་བཤད་ཡོད་པ་རེད།

XS
SM
MD
LG