ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་ཕྱུག་བདག་གཏོང་ཕོད་ཅན།


ཨ་སྒོར་དུང་ཕྱུར་མང་པོ་ཡོད་པའི་རྒྱ་གར་གྱི་ཕྱུག་བདག་ཅིག་གིས་རང་ཡུལ་གྱི་ཤེས་ཡོན་ཡར་རྒྱས་གཏོང་བར་མ་དངུལ་ཨ་སྒོར་དུང་ཕྱུར་གཉིས་མ་ཟིན་ཙམ་ཞལ་འདེབས་ཀྱིས་གཞན་ཕན་གྱི་དགེ་རྩ་བསྒྲུབ་རྒྱུ་ཡིན་པའི་ཁས་ལེན་བྱས་འདུག་ཅིང་། རྒྱ་གར་ལ་ཕྱུག་བདག་མང་པོ་ཡོད་པ་གང་ཞིག་ལ་དབུལ་ཕོངས་ཉམ་ཐག་གི་ཁ་གྲངས་ནི་དེ་ལས་མང་བར་བརྟེན། ཁོང་གི་མིག་དཔེ་བཟང་པོ་དེས་ཕྱུག་བདག་མང་པོར་ཤུགས་རྐྱེན་ཐེབས་མིན་དང་འགྱུར་བ་འགྲོ་མིན་སོགས་ཀྱི་ཐད་ལ་ས་གནས་ལྡི་ལི་ནས་འདི་ཀ་རླུང་འཕྲིན་ཁང་གི་གསར་འགོད་པ། ཨན་ཇི་ཎ་པ་སི་རི་ཆ་ཡིས་བཏང་ཡོང་བའི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG