ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་རྫ་རིའི་ཕར་རྒོལ་དམག་དཔུང་གསར་པ།


རྒྱ་གར་གྱི་དམག་གི་ཁོངས་སུ་རྫ་རིའི་ཕར་རྒོལ་དམག་དཔུང་ཞེས་པའི་དྲག་པོའི་དཔུང་སྡེ་གསར་པ་ཞིག་འཛུགས་རྒྱུ་དེར་གཞུང་གིས་ཆོག་མཆན་བཀོད་ཡོད་ཅིང་། དམག་གྲངས་ཁྲི་ཚོ་༤་དང་ཕྱེད་ཀ་ལྷག་ཡོད་པའི་རྒྱ་གར་གྱི་དམག་གི་དཔུང་སྡེ་གསར་པ་དེ་བོད་དང་རྒྱ་གར་གྱི་ས་མཚམས་ཁག་ལ་འགྲེམ་འཇོག་བྱས་ཏེ། རྒྱ་ནག་གིས་བོད་ཀྱི་མཐོ་སྒང་ས་ཁུལ་དུ་གནམ་ས་གཉིས་ཀྱི་མཉམ་འབྲེལ་དམག་དཔུང་མང་དུ་གཏོང་གི་ཡོད་པ་དེར་ཁ་གཏད་གཅོག་པའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། ཕྱི་ལོ་༢༠༡༢་ནས་༢༠༡༧་བར་གྱི་ལོ་ལྔའི་རྒྱ་གར་གྱི་དཔལ་འབྱོར་འཆར་འགོད་ཁོངས་སུ་དམག་གི་དཔུང་སྡེ་གསར་པ་དེར་ཧིན་སྒོར་དུང་ཕྱུར་སྟོང་ཚོ་༦་དང་བྱེ་བ་གཉིས་འགྲོ་གྲོན་གཏོང་དགོས་ཡོད་པས། རྒྱ་གར་གྱི་ནོར་སྲིད་ལྷན་ཁང་གིས་རྒྱལ་སྲུང་བློན་ཆེན་ལ་རྫ་རིའི་ཕར་རྒོལ་དམག་དཔུང་གི་དགོས་པ་དང་དམག་གི་དཔུང་སྡེ་གསར་པ་དེའི་ནུས་པ། རྒྱ་གར་གྱི་དམག་གི་ཁོངས་སུ་རྫ་རིའི་ཕར་རྒོལ་དམག་དཔུང་ཞེས་པ་ཞིག་གསར་དུ་བཙུགས་ན་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་དགེ་མཚན་ཅི་ཙམ་ཡོད་མེད་འདྲི་རྩད་ཞིབ་ཚགས་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG