ངོ་འཕྲད་བདེ་བའི་དྲ་འབྲེལ།

ལ་དྭགས་ནས་དམག་མི་ཕྱིར་འཐེན་བྱ་རྒྱུར་རྒྱ་དཀར་ནག་གཉིས་མོས་མཐུན་བྱུང་ཡོད་པ།


རྒྱ་གར་གྱི་ས་གནས་ལ་དྭགས་ཀྱི་ཆུ་དམར་ས་ཁུལ་དུ། རྒྱ་ནག་གི་དམག་མིས་སིམ་འཛུལ་བྱས་ཏེ་ཕྱིར་འཐེན་བྱ་རྒྱུར་མོས་མཐུན་མ་བྱས་པར་བརྟེན། ས་མཚམས་དེ་ཁུལ་དུ་རྒྱ་གར་གཞུང་གིས་ཀྱང་དམག་མི་ཕོན་ཆེ་ཞིག་འགྲེམས་འཇོག་བྱེད་དགོས་བྱུང་སྟེ། ཕྱོགས་གཉིས་ཕན་ཚུན་འཁོན་འཛིན་གྱི་རྣམ་པ་ཛ་དྲག་ཅན་ཞིག་གི་ཐོག་གནས་ཏེ། དུས་ཡུན་གཟའ་འཁོར་གཉིས་ཙམ་ཞིག་ཕྱིན་པའི་རྗེས་སུ། མཐར་རེས་གཟའ་ཕུར་བུའི་ཉིན། རྒྱ་དཀར་ནག་ཕན་ཚུན་ས་མཚམས་སུ་གྲོས་མོལ་བྱེད་ཐེངས་གསུམ་པ་དེ་བྱས་པར་ལམ་ལྷོང་བྱུང་སྟེ། ས་མཚམས་ས་ཁུལ་དེ་ནས་ཕྱོགས་གཉིས་ཀའི་དམག་མི་རིམ་པས་ཕྱིར་འཐེན་བྱེད་འགོ་ཚུགས་རྒྱུར་མོས་མཐུན་བྱུང་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།

XS
SM
MD
LG