ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱ་གར་གྱི་ལྐོག་ཟར་ངོ་རྒོལ།


རྒྱ་གར་གྱི་ལྐོག་ཟར་ངོ་རྒོལ།
རྒྱ་གར་གྱི་ལྐོག་ཟར་ངོ་རྒོལ།

རྒྱ་གར་རང་བཙན་གྱི་དབུ་ཁྲིད་སེམས་དཔའ་ཆེན་པོ་མེས་པོ་གྷན་དྷིའི་རྗེས་འབྲང་བ་དང་། ད་ལྟ་ལོ་ན་༧༤་ལ་སོན་པའི་སྤྱི་ཚོགས་ལས་འགུལ་བ་ཨ་ན་ཧ་ཟ་རི་ཡིས་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོ་ལྐོག་ཟ་རུལ་སུངས་སུ་གྱུར་ཡོད་པ་དེར་ཟས་བཅད་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། ཁོང་གིས་རྒྱ་གར་བ་ས་ཡ་མང་པོ་གྲོས་ཚོགས་འཐུས་མི་ཚོའི་སྒོ་འགྲམ་དུ་སོང་ནས་ཟས་བཅས་ངོ་རྒོལ་བྱེད་དགོས་པ་དང་། ང་ཚོས་སེམས་དཔའ་ཆེན་པོ་མེས་པོ་གྷན་དྷིའི་ལྟ་གྲུབ་བཟུང་ནས་རྒྱ་གར་ལྐོག་ཟ་རུལ་སུངས་ཀྱི་ནད་ཡམ་འོག་ནས་སྐྱོབ་ཐབས་བྱེད་པར་སླར་ཡང་རང་བཙན་གྱི་འཐབ་རྩོད་གཉིས་པ་ཞིག་ལ་གྲ་སྒྲིག་བྱེད་དགོས་ཞེས་འབོད་སྐུལ་ཞུས་ཏེ། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སེང་གིས་སང་ཉིན་གཟའ་ལྷག་པའི་ཉིན་སྲིད་དོན་ཚོགས་པ་ཚང་མ་འདུས་པའི་ཛ་དྲག་གི་རྒྱས་འཛོམས་ཚོགས་འདུ་ཞིག་འཚོགས་དགོས་པ་དང་། གྲོས་ཚོགས་འཐུས་མི་ཚོས་མྱུར་དུ་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱེད་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད་པ་རེད།

XS
SM
MD
LG