ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

རིང་མིན་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཐད་ཚོགས་འདུ་འཚོག་རྒྱུ་ཡིན་པ།


ད་ལོ་ཕྱི་ཟླ་བཅིུག་པའི་ཟླ་མཇུག་ཏུ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་འཛམ་གླིང་ནང་པའི་ཆོས་ཚོགས་ཀྱི་ཚོགས་ཆེན་བསྐྱངས་པ་དེའི་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་༣༠འི་ཉིན་ཚོགས་མགོན་དུ་གདན་ཞུ་བྱས་པ་དེར་རྒྱ་ནག་གིས་ངོ་རྒོལ་བྱས་ཀྱང་རྒྱ་གར་གྱིས་རྒྱ་ནག་གི་གནོན་ཤུགས་ལ་མ་ལྟོས་པར་གདན་ཞུའི་གསོལ་འདེབས་ལྟར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆོས་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་ཡོད་པ་རེད།་དེ་འདྲའི་གནས་སྟངས་ལ་གཞིགས་ཏེ་རྒྱ་ནག་གི་ངོས་ནས་དེ་སྔོན་རྒྱ་གར་དང་མཉམ་དུ་ཕྱི་ཟླ་བཅིུག་པའི་ཚེས་༢༨་དང་༢༩་སོ་སོར་གཏན་འབེབས་བྱས་པའི་ས་མཚམས་ཐད་ཀྱི་གྲོས་མོལ་ཚོགས་འདུ་བྱ་རྒྱུ་དེ་ཕྱིར་འཐེན་བྱས་ཡོད་པ་རེད། འོན་ཀྱང་དེི་རྗེས་རྒྱ་དཀར་ནག་གཉིས་ཕྱོགས་ནས་འབྲེལ་ལམ་བཟང་དུ་གཏོང་ཐབས་བྱས་པ་མ་ཟད་ད་ཆ་དེ་སྔ་ཕྱིར་འཐེན་བྱས་པའི་ས་མཚམས་ཐད་ཀྱི་གྲོས་མོལ་ཚོགས་འདུ་དེ་ཕྱི་ལོའི་ཟླ་བ་དང་པོའི་ཟླ་དཀྱིལ་དུ་འཚོག་གཏན་འཁེལ་ཡོད་འདུག

XS
SM
MD
LG