ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རྒྱལ་སྤྱིིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་སྲིད་འཛིན་གྱི་ལྕམ་ལ་ཞུ་ཡིག་ཅིག་ཕུལ་ཡོད་པ།


ཨ་མི་རི་ཀའི་སྲིད་འཛིན་གྱི་སྐུ་ཟླ་ལྕམ་མཱི་ཤཱལ་ཨཽ་བྷ་མ་ རྒྱ་ནག་ཏུ་འཚམས་འདྲིར་ཕེབས་འབྱོར་གནང་གི་ཡོད་པས། ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ཁོང་གིས་རྒྱ་ནག་གི་ཤེས་ཡོན་སློབ་གསོའི་ལམ་ལུགས་ཀྱི་ཐད་ལ་དོ་སྣང་གཙོ་བོ་གནང་རྒྱུའི་འཆར་གཞི་ཡོད་ལུགས་འབྲེལ་ཡོད་ཚོས་གསུངས་ཀྱི་ཡོད་པར་བརྟེན། འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁོང་ལ་ཞུ་ཡིག་ཅིག་ཕུལ་ཏེ། བོད་ནང་གི་བོད་མི་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་དང་། རྒྱ་ཡིག་བཅས་གཉིས་ཀ་བེད་སྤྱོད་བྱ་རྒྱུའི་ཐོབ་ཐང་ཡོད་མེད་ཀྱི་ཐད་ལ་ཐུགས་སྣང་གནང་དགོས་པའི་འབོད་བསྐུལ་གནང་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།
XS
SM
MD
LG