ངོ་འཕྲད་བདེ་བའི་དྲ་འབྲེལ།

ནིའུ་ཡོག་གནས་འཁོད་བོད་མི་ཚོས་བོད་ནང་རྟོག་ཞིབ་མི་སྣ་གཏོང་དགོས་པའི་དགོས་འདུན།


དེང་སྐབས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འཚོག་བཞིན་པ་ལྟར་ ནིའུ་ཡོག་དང་ནིའུ་ཇར་སིར་གནས་འཁོད་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་བསྒྲིགས་བྱས་ཏེ་བོད་མི་བརྒྱ་ཕྲག་འགའ་ཤས་ཀྱིས་རེས་གཟའ་ཟླ་བའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་གནས་སྟངས་ལ་རྟོག་ཞིབ་བྱ་རྒྱུར་རྟོག་ཞིབ་མི་སྣ་ཆེད་གཏོང་བྱེད་དགོས་པའི་འབོད་སྐུལ་དང་སྦྲགས་ སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་བཅས་ཀྱི་སྐོར་འདི་གའི་གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་གསན་གྱི་རེད།
XS
SM
MD
LG