ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་དོན་ཐད་རྒྱ་གཞུང་གིས་དང་ལེན་མ་བྱས་པར་སྐྱོན་བརྗོད་བྱུང་བ།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་ཕྱིན་ཡོད་མེད་སྔ་ལོ་བསྐྱར་ཞིབ་བྱེད་པའི་སྐབས། རྒྱལ་ཚོགས་ཀྱི་ལྷན་ཁང་དེའི་ཚོགས་འཐུས་རྒྱལ་ཁབ་མང་པོས་རྒྱ་ནག་གཞུང་ལ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་དགོས་པའི་བསམ་འཆར་དོན་ཚན་མང་པོ་ཞིག་བཏོན་ཡོད་པ་དེ་ཚོ་ལ། རྒྱ་ནག་གཞུང་གིས་དང་ལེན་གཏན་ནས་བྱས་མེད་པར་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་གྲགས་ཅན་ཞིག་གིས་སྐྱོན་བརྗོད་བྱས་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས། དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG