ངོ་འཕྲད་བདེ་བའི་དྲ་འབྲེལ།

འགྲོ་བ་མིའི་ཐོབ་ཐང་གི་ཐད་ཨ་རིར་སྐྱོན་བརྗོད་བྱེད་དབང་མེད་ལུགས་རྒྱ་ནག་གིས་བརྗོད་པ།


ཨ་མེ་རི་ཀའི་ཕྱི་སྲིད་དྲུང་ཆེས། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོར། རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལིའུ་ཞའོ་པོ་བཙོན་ཁང་ནས་གློད་བཀྲོལ་གཏོང་དགོས་ལུགས་འབོད་བསྐུལ་གནང་པར། རྒྱ་ནག་གཞུང་གིས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་ནི། རྒྱ་ནག་གི་ཆབ་འབངས་མི་སེར་གཅིག་པུའི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་ལས། ཨ་མེ་རི་ཀའི་གནད་དོན་ཞིག་ཆགས་ཀྱི་མེད་ལུགས་བརྗོད་དེ། རེས་གཟའ་མིག་དམར་གྱི་ཉིན་རྒྱ་ནག་གཞུང་གིས་ཨ་མེ་རི་ཀར་དགག་པ་བརྒྱབས་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་གནས་ཁག་ཏུ་ཐོན་ པའི་གནས་ཚུལ་རྣམས་བྱང་ཆུབ་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
XS
SM
MD
LG