ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཧུ་ཅིན་ཐའོ་ཚུད་པའི་རྒྱལ་ཁབ་༣༨ཀྱི་འགོ་ཁྲིད་ཚོ་ནི་གསར་འགོད་པར་འཇིགས་བསྐུལ་བྱེད་མཁན་གཙོ་བོ་ཡིན་པ།


ཧུ་ཅིན་ཐའོ་ཚུད་པའི་རྒྱལ་ཁབ་༣༨ཀྱི་འགོ་ཁྲིད་ཚོ་ནི་གསར་འགོད་པར་འཇིགས་བསྐུལ་བྱེད་མཁན་གཙོ་བོ་ཡིན་པ།
ཧུ་ཅིན་ཐའོ་ཚུད་པའི་རྒྱལ་ཁབ་༣༨ཀྱི་འགོ་ཁྲིད་ཚོ་ནི་གསར་འགོད་པར་འཇིགས་བསྐུལ་བྱེད་མཁན་གཙོ་བོ་ཡིན་པ།

རྒྱལ་མཚམས་མེད་པའི་གསར་འགོད་པའི་མཐུན་ཚོགས་ཀྱིས་འཛམ་གླིང་གི་གསར་འགོད་རང་དབང་གི་གནས་སྟངས་ཐད་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་བཏོན་ཡོད་པ་དང་ སྙན་ཐོ་དེའི་ནང་ རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཡིས་གཙོ་བོར་བྱས་པའི་རྒྱལ་ཁབ་༣༨ཀྱི་འགོ་ཁྲིད་ཚོ་ནི་ གསར་འགོད་རང་དབང་གི་དགྲ་བོ་ངོ་མ་དེ་ཡིན་པ་དང་ འགོ་ཁྲིད་དེ་དག་གིས་རང་ཉིད་སྲིད་དབང་ཐོག་མུ་མཐུད་གནས་རྒྱུའི་དོན་དུ་ མང་ཚོགས་ཀྱི་ཐོབ་ཐང་དང་ རང་དབང་ལ་བརྩི་མེད་བརྡལ་བཤིག་ཚབས་ཆེ་གཏོང་གི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པའི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG