ངོ་འཕྲད་བདེ་བའི་དྲ་འབྲེལ།

དེ་སྔོན་ཕྱི་ལོ་༡༩༨༩་ལོར་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ལ་དམངས་གཙོའི་ལས་འགུལ་ལངས་པ་དང་། ལས་འགུལ་དེར་ཞུགས་མཁན་སློབ་ཕྲུག་ཚོར་རྒྱ་གཞུང་གིས་དམག་བཏང་ནས་དྲག་གནོན་ཚབས་ཅེན་བྱས་ཡོད་ཅིང་། ཧོང་ཀོང་གི་ས་ཐོག་ཏུ་རྒྱ་ནག་གི་དྲུག་བཞིའི་ལས་འགུལ་ལས་དྲན་གསོ་བྱེད་པའི་འགྲེམ་སྟོན་ཁང་ཞིག་སྒོ་ཕྱེ་ཡོད་ཀྱང་། ད་ལྟ་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་གནོན་ཤུགས་འོག་ཏུ་འགྲེམ་སྟོན་ཁང་དེ་སྒོ་རྒྱག་འཆར་ཡོད་འདུག འགྲེམ་སྟོན་ཁང་དེ་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་གི་དྲག་གནོན་ལ་དྲན་གསོ་བྱེད་པའི་འགྲེམ་སྟོན་ཁང་དང་པོ་དེ་ཡིན་པ་མ་ཟད། ཧོང་ཀོང་གི་ས་ཐོག་ཏུ་ཡོད་པའི་འགྲེམ་སྟོན་ཁང་དེ་སྒོ་རྒྱག་འཆར་ཡོད་པ་དེ་ལ་བལྟས་ན་ཕྱེད་རང་དབང་ལྡན་པའི་རྒྱ་ནག་གི་ས་གནས་དེར་པེ་ཅིང་དབུས་གཞུང་གི་གནོན་ཤུགས་ཆེ་རུ་འགྲོ་བཞིན་མཚོན་ཐུབ་ཡོད་པ་རེད།།

XS
SM
MD
LG