ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་གི་སྤྱི་ཁྱབ་ཀྱིས་མང་ཚོགས་ལ་གླེང་མོལ།


ཧོང་ཀོང་གི་སྤྱི་ཁྱབ་ཀྱིས་མང་ཚོགས་ལ་གླེང་མོལ། ༄༅།། གཟའ་ཕུར་བུའི་ཉིན་ཧོང་ཀོང་གི་སྤྱི་ཁྱབ་ཁེ་རི་ལམ་གྱིས་མི་མང་གི་འཐུས་མི་ཚོར་བགྲོ་གླེང་ཐོག་མར་བྱས་ཡོད་ཅིང་། ད་ལྟ་ས་གནས་དེའི་མང་ཚོགས་ཀྱིས་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་བཞིན་པའི་ཟང་ཟིང་གི་དཀའ་ངལ་ཡོད་པ་རྣམས་སེལ་ཐབས་ལ་གྲོས་མོལ་བྱས་པ་ཞིག་ཡིན་མོད། འོན་ཀྱང་གྲོས་མོལ་དེའི་སྐབས་སུ་ཁེ་རི་ལམ་གྱིས་ངོ་རྒོལ་དེའི་འགན་འཁྲི་ས་གནས་སྲིད་གཞུང་ལ་ཡོད་པ་ངོས་ལེན་བྱས་ཀྱང་ངོ་རྒོལ་བ་ཚོར་ཉེན་རྟོག་པས་དྲག་གནོན་བྱས་པ་དེར་རང་དབང་ཅན་གྱི་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱ་དགོས་ཞེས་མང་ཚོགས་ཀྱིས་དགོས་འདུན་བཏོན་ཡོད་པར་མོས་མཐུན་མེད་ཅེས་བརྗོད་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG