ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་ངོ་རྒོལ་བ་རྣམས་ཀྱིས་ཉེན་རྟོག་པ་ལ་འཐབ་འཛིངས་བྱས་ཡོད་པ།


ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས། གཞུང་ལ་ངོ་རྒོལ་ སྐད་འབོད་ཀྱི་ལས་འགུལ་སྤེལ་ཏེ་ཟླ་བ་གཉིས་ཀྱི་མཇུག་ཏུ། ངོ་རྒོལ་གྱི་ལས་ འགུལ་དེ་དག་མཚམས་འཇོག་བྱེད་དགོས་པའི་གཞུང་གི་བཀའ་བཀོད་ལ་བརྩི་ མེད་བྱས་ཏེ། གཞུང་གི་དབུས་ལས་ཁུངས་ཁག་གི་མཐའ་བཞི་བསྐོར་ཐབས་ཀྱི་ འབད་བརྩོན་བྱེད་པའི་སྐབས་སུ། དམངས་གཙོ་དོན་དུ་གཉེར་མཁན་ངོ་རྒོལ་བ་ རྣམས་དང་ཉེན་རྟོག་པ་འཁྲུག་འཛིངས་བྱུང་བ་དང་། མི་ཚོགས་ཀྱིས། “གཞུང་གི་དབུས་ལས་ཁུངས་ཀྱི་མཐའ་བཞི་བསྐོར་ཏེ། འགྲོ་ལམ་སྒོ་ཕྱེས་” ཞེས་པའི་འབོད་ཚིག་སྒྲོག་བཞིན་པའི་སྐབས། མི་བརྒྱ་ ཕྲག་མང་པོས། འཛམ་གླིང་གི་ནང་ནས་ས་ཁང་གི་རིན་གོང་ཆེ་ཤོས་ཡིན་པའི་ ཧོང་ཀོང་གྲོང་ཁྱེར་གྱི་ཚོང་འབྲེལ་ལྟེ་གནས་ཀྱི་ཉེ་འགྲམ་ Admiralty ས་གནས་སུ་་ཡོད་པའི་གཞུང་གི་ལས་ཁུངས་ཁག་གི་ཕྱོགས་སུ་བསྐྱོད་ཐབས་བྱེད་པའི་སྐབས། ཉེན་རྟོག་པས་མིག་ཚ་བྱེད་ཀྱི་ཆུ་གཏོར་ཏེ། ངོ་རྒོལ་བ་རྣམས་འཐོར་ ཞིག་ཏུ་འགྲོ་ཐབས་བྱས་པ་མ་ཟད། ངོ་རྒོལ་བ་གཉིས་ཀྱི་ལག་པ་འགྱིག་ ཐག་གིས་བསྡམས་ཏེ་འཛིན་བཟུང་བྱས་པ་དེའི་གོང་དུ། ཁོང་གཉིས། ཉེན་རྟོག་པས་ས་ལ་འདྲུད་པ་སོགས་བྱས་པའི་རྐྱེན་གྱིས་ཕན་ཚུན་འཁྲུག་ འཛིངས་ཤོར་ཡོད་པ་རེད།

XS
SM
MD
LG