ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་གི་མང་གཙོའི་འགྱུར་བཅོས་ཐད་མི་གྲངས་སྟོང་ཚོ་མང་པོས་་རྔམ་སྟོན་བྱས་པ།


ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་ཕྱིར་ལོག་བྱུང་ནས་མི་ལོ༡༧་འཁོར་བའི་དུས་དྲན་གྱིས་ཉིན། ཧོང་ཀོང་གི་ནང་མི་གྲངས་ལྔ་འབུམ་ལྷག་ཙམ་གྱིས་ཧོང་ཀོང་ནང་མང་གཙོའི་འགྱུར་བཅོས་རྒྱ་ཆེ་དགོས་རྒྱུའི་རྔམ་སྟོན་ཁྲོམ་སྐོར་བྱས་པའི་རྐྱེན་གྱིས་ཉེན་རྟོག་པས་མི་གྲངས་ལྔ་བརྒྱ་ལྷག་ཙམ་འཛིན་བཟུང་བྱས་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་དང་ཕབ་བསྒྱུར་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG