ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཧོང་ཀོང་གི་དཔེ་དེབ་འཚོང་འགྲེམ་པ་ཚོ་རྒྱ་ནག་གིས་བཙན་ཁྲིད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༢༠༡༥་ལོར་ཧོང་ཀོང་གི་ཐུང་ལོ་ཝན་དཔེ་སྐྲུན་ཁང་གིས་ཞིས་ཅིན་ཕིང་དང་ཁོ་པའི་དགའ་རོགས་རྣམས་ཞེས་པའི་དཔེ་དེབ་ཅིག་དཔར་དུ་བསྐྲུན་རྒྱུའི་གྲ་སྒྲིག་བྱས་ཀྱང་དཔེ་སྐྲུན་ཁང་དེའི་ལས་བྱེད་པ་ཁག་ཅིག་སྔ་རྗེས་སུ་རྒྱ་ནག་གི་ཧྲེན་ཀྲེན་གྲོང་ཁྱེར་དང་། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་གྱི་ས་ཐོག་ཏུ་གར་སོང་ཆ་མེད་དུ་གྱུར་ཏེ། ཧོང་ཀོང་གི་ཐུང་ལོ་ཝན་དཔེ་སྐྲུན་ཁང་གི་ལས་བྱེད་པ་ལྔ་ཟླ་བ་མང་པོར་རྒྱ་ནག་གི་གསང་བའི་ལས་ཁང་གིས་བཙན་ཉར་བྱས་ཡོད་ཅིང་། རྒྱ་ནག་གི་གནོན་ཤུགས་འོག་ཏུ་ཧོང་ཀོང་གི་དཔེ་སྐྲུན་ཁང་དེ་སྒོ་བརྒྱབ་ནས་ཞིས་ཅིན་ཕིང་དང་ཁོ་པའི་དགའ་རོགས་རྣམས་ཞེས་པའི་དཔེ་དེབ་དེ་ཉིད་པར་སྐྲུན་བྱ་ཐུབ་མེད་མོད། འོན་ཀྱང་ཐུང་ལོ་ཝན་དཔེ་སྐྲུན་ཁང་གི་མཉམ་འབྲེལ་བདག་པོ་གུའི་མིན་ཧེ་ད་དུང་ཡང་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ནས་གློད་གྲོལ་བཏང་མེད་པ་མ་ཟད། ཕྱི་ཟླ་༦་ཚེས་༢༠་ཉིན་ཧོང་ཀོང་གི་སྲིད་སྐྱོང་ལེང་ཁྲུན་དབྱིང་གིས་གསར་འགོད་པ་ཚོར་ཧོང་ཀོང་གི་སྤྱི་དམངས་གང་ཞིག་གིས་རྒྱ་ནག་གི་ཁྲིམས་ལ་འགལ་འཛོལ་བྱས་ནས་འཛིན་བཟུང་བྱུང་ན་ཧོང་ཀོང་གི་འབྲེལ་ཡོད་ས་གནས་འགོ་ཁྲིད་ཚོར་འགྲེལ་བཤད་བརྒྱབ་ཡོད་མེད་ཞིབ་འཇུག་བྱ་དགོས་ཀྱིན་འདུག ངས་བལྟས་ན་ཧོང་ཀོང་བ་ཞིག་གིས་རྒྱ་ནག་གི་ཁྲིམས་ལ་འགོལ་འཛོལ་བྱུང་ན་རྒྱ་ནག་དབུས་གཞུང་གིས་ཧོང་ཀོང་ས་གནས་གཞུང་ལ་བརྡ་ལན་སྤྲོད་ཕྱོགས་ཡར་རྒྱས་གཏོང་རྒྱུ་མང་པོ་ཞིག་ཡོད་ཅེས་བཤད་པ་དེ་ལ་བལྟས་ཚེ། ཐོག་མར་རྒྱ་ནག་གཞུང་གིས་ཧོང་ཀོང་གི་དཔེ་སྐྲུན་ཁང་དེའི་ལས་བྱེད་པ་རྣམས་འཛིན་བཟུང་དང་བཀག་ཉར་བྱས་པ་ཧོང་ཀོང་ས་གནས་ཀྱི་འགོ་ཁྲིད་ཚོར་འགྲེལ་བཤད་བརྒྱབ་མེད་པ་གསལ་བོ་བྱུང་ཡོད་པ་རེད།།

XS
SM
MD
LG