ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གཞུང་གིས་ཧོང་ཀོང་མི་མང་ཚོར་ ༢༠༡༧ ལོར་ས་གནས་སྤྱི་ཁྱབ་ཀྱི་འོས་བསྡུ་དང་ ༢༠༢༠ ལོར་གྲོས་ཚོགས་ཀྱི་འོས་བསྡུ་བྱ་ཐུབ་པའི་ཁས་ལེན་བྱས་ཡོད་ནའང་། དུས་ཚོད་དེ་བསླེབ་ཉེར་ཡོད་སྐབས་འོས་བསྡུ་བྱེད་ཕྱོགས་ཁྲིམས་སྒྲིག་ཐད་ད་ལྟའང་མ་མཐུན་པར་ལྷགས་ཡོད་པ་རེད། ཧྲང་ཧད་གྲོང་ཁྱེར་ནང་ཧོང་ཀོང་གི་ཆབ་སྲིད་མི་སྣ་དང་རྒྱ་ནག་གཞུང་གི་ལས་བྱེད་ཚོའི་དབར་གནད་དོན་དེའི་སྐོར་གྲོས་བསྡུར་ཚོགས་འདུ་བྱས་འདུག་པ་དེའི་ནང་མང་གཙོ་དོན་གཉེར་ཚོས་མཉམ་ཞུགས་བྱས་མེད་པའི་སྐོར། ཧོང་ཀོང་ནས་འདི་ག་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རེ་བྷེ་ཀ་ ཝ་ལིས་བཏང་བའི་གནས་ཚུལ་དེ་རྣམ་རྒྱལ་ཤཱསྟྲིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
XS
SM
MD
LG