ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དབང་སྒྱུར་བྱས་ཏེ་ལོ་ངོ་བཅོ་ལྔ་འཁོར་བ་དུས་དྲན་སྐབས་ཧོང་ཀོང་ནང་མང་ཚོགས་ཀྱི་ངོ་རྒོལ།


དེ་སྔའི་དབྱིན་ཇིའི་མི་སེར་སྤེལ་ཡུལ་ཧོང་ཀོང་གྲོང་ཁྱེར་ རྒྱ་ནག་ལ་ཕྱིར་ལོག་བྱས་ཏེ་ ལོ་ངོ་བཅོ་ལྔ་འཁོར་བའི་དུས་དྲན་སྲུང་བརྩི་བྱེད་པའ་བརྒྱུད་ རྒྱ་ནག་གི་སྲིད་འཛིན་ཧུ་ཇིན་ ཏའོས་གྲོང་ཁྱེར་དེའི་ནང་ཉིན་གྲངས་གསུམ་རིང་གི་ལྟ་སྐོར་དེ་ཁ་ས་རེ་གཟའ་ཉི་མའི་ཉིན་མཇུག་བསྒྲིལ་ཡོད་པ་དང་ འོན་ཀྱང་རྒྱ་ནག་གི་དབང་སྒྱུར་འོག་གྲོང་ཁྱེར་དེའི་ནང་ཆབ་སྲིད་ དང་སྤྱི་ཚོགས་ཀྱི་རང་དབང་ཇེ་ཞན་ཇེ་སྡུག་དུ་ཕྱིན་ཡོད་པ་ངོས་འཛིན་བྱས་ཏེ་ས་གནས་དེའི་མི་གྲངས་འབུམ་ལྔ་ཙམ་གྱིས་སྲང་ལམ་ཐོག་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ གསར་འགོད་པ་Ivan Broadheadགྱི་སྤེལབས་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱི་ ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG