ངོ་འཕྲད་བདེ་བའི་དྲ་འབྲེལ།

༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིས་རང་དབང་སྒེར་ལངས་བྱས་པ་དང་༸གོང་ས་མཆོག་རྒྱ་མིའི་དམག་སྒར་ལ་ཕེབས་རྒྱུ་ཕྱིར་འཐེན་གནང་གཏན་འཁེལ་བ་སོགས་ལ་རྒྱ་མིས་ཁོང་ཁྲོ་ཆེན་པོ་བྱས་ཏེ། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དམག་འགྲབ་རྒྱ་བསྐྱེད་དང་། ལྷག་པར་ནོར་གླིང་ཕོ་བྲང་ཕྱོགས་སུ་མེ་སྒྱོག་གི་རྫས་མདེལ་གཉིས་འཕེན་པ་སོགས་དངངས་ཚབ་ཅན་གྱི་གནས་སྟངས་བྱུང་ཡོད་པ་དེའི་འོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མུ་མཐུད་བཞུགས་རྒྱུ་བློས་འགན་བཟོང་ཐབས་བྲལ་ཏེ། མགྲོན་གཉེར་ཆེ་མོ་ཕ་ལྷ་ཐུབ་བསྟན་འོད་ལྡན་ལགས་ཀྱིས་སྣེ་ཁྲིད་དེ་གསང་རྒྱ་དམ་པོས་༧གོང་ས་མཆོག་བོད་ནས་གདན་ཞུའི་གྲ་སྒྲིག་ལས་དོན་འགོ་འཛུགས་གནང་ཡོད་པ་སོགས་ཀྱི་སྐོར་ལ་རྣམ་རྒྱལ་ཤཱསྟྲིས་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་གསན་རོགས་གནང་།
XS
SM
MD
LG