ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་ཁ་བ་བབས་ནས་མི་རྒྱུ་ཟོག་གསུམ་ལ་གནོད་འཚེ།


ད་ལོའི་ཕྱི་ཟླ་དང་པོ་ནས་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། དགའ་བདེ་རྫོང་སོགས་རྫོང་ཁག་འགའ་ཞིག་གི་འབྲོག་ས་ཡོངས་ལ་ཉིན་མཚན་དུ་མར་ཁ་བ་མཐུག་པོ་བབས་སྟེ། ད་བར་འབྲོག་པ་མི་མང་གི་ཕྱུགས་ཟོག་བརྒྱ་ཆ་༨༠་ཡས་མས་རེ་རྩྭ་ཟ་རྒྱུ་མེད་པར་མུ་གེར་ཤི་ཡོད་ཅིང་། དགའ་བདེ་རྫོང་མི་དམངས་སྲིད་གཞུང་གིས་ལམ་ཟུར་དུ་ཆགས་ཡོད་པ་དང་འགྲིམ་འགྲུལ་ཐར་སའི་འབྲོག་པ་ཁག་ཅིག་ལ་རྩྭ་སྐྱ་དང་གཟན་ཆས་རོགས་སྤྲད་ནས་ཕྱུགས་ཟོག་དེ་དག་མུག་སྐྱོབ་བྱེད་ཀྱི་ཡོད་ཀྱང་། ཁ་བས་ལམ་འགག་ནས་ཁ་པར་མི་འཕྲོད་པ་དང་རྐང་ཐང་དང་རྟ་ཐོག་ཏུ་འགྲོ་སྐྱོད་མི་ཐུབ་ས། ལྷག་པར་དུ་རླབས་འཁོར་དང་སྦག་པ་འཕྲུལ་རྟ་སོགས་ཅི་ཡང་མི་ཐར་སའི་འབྲོག་ས་ཁག་ཏུ་མི་ལ་ཡང་་ཟ་རྒྱུ་ཆད་ནས་བཀྲེས་ལྟོགས་མྱོང་བཞིན་པ་མ་ཟད། རྒན་རྒོན་དང་བྱིས་པ་སོགས་ཀྱི་མིག་དང་རྐང་ལག་རྣམས་གངས་འཕྱིད་ཐེབས་ཀྱང་སྨན་ཁང་ལ་སྨན་བཅོས་བྱེད་དུ་ཡོང་ཐུབ་ཀྱི་མེད་པ་དང་། ད་ལྟ་དགའ་བདེ་རྫོང་སོགས་ཀྱི་འབྲོག་པ་མང་ཚོགས་ཀྱིས་རྒྱ་ནག་དབུས་གཞུང་དང་མཚོ་སྔོན་ཞིང་ཆེན་གཞུང་གིས་གནམ་གྲུའི་ནང་ནས་མི་མང་ལ་ཟ་རྒྱུ་དང་ཕྱུགས་ཟོག་ལ་གཟན་ཆས་སོགས་སྐྱོབ་གསོ་རོགས་རམ་ཞིག་སྤྲད་ཨེ་ཡོང་སྙམ་པའི་རེ་བ་འཆང་ཡོད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་མགོ་ལོག་པ་དམ་ཆོས་དཔལ་བཟང་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་དེར་གསན་རོགས་གནང་།

XS
SM
MD
LG