ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྱིར་ས་ག་ཟླ་བའི་དུས་ཆེན་སྐབས་སུ་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ནང་ལ་དད་ལྡན་མང་ཚོགས་ཀྱིས་ཁེངས་ཤིང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་པའི་དུས་ཚིགས་ཁྱད་པར་ཅན་ཞིག་ཡིན་རུང་། གཟའ་འཁོར་འདིར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་ནས་བཟུང་། རྒྱ་ནག་གཞུང་གིས་ལྷ་སའི་བར་སྐོར་ནང་ལ་དྲག་ཆས་ཉེན་རྟོག་པ་བརྒྱ་ཕྲག་མང་པོ་འགྲེམ་འཇོག་བྱས་ཏེ། དེང་སྐབས་ལྷ་སར་སྔར་ལས་ལྷག་པའི་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པའི་སྐོར། པ་སངས་དབྱངས་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་གནང་བ་ཞིག་གསན་རོགས་གནང་།

XS
SM
MD
LG