ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྨ་ཆུའི་རྟ་རྒྱུག་གི་དམ་དྲག


ཕྱི་ལོ་༢༠༠༤་ནས་རྒྱ་ནག་གཞུང་གིས་མདོ་སྨད་རྨ་ཆུ་རྫོང་ལ་ལོ་རེའི་རྟ་རྒྱུག་གི་དུས་སྟོན་རེ་ཚུགས་སྲོལ་ཡོད་ཅིང་། ད་ལོའི་རྨ་ཆུའི་རྟ་རྒྱུག་དེར་རྒྱ་ནག་གཞུང་གིས་དམག་དང་དྲག་ཆས་ཉེན་རྟོག་པ། གསང་བའི་མི་སྣ་བརྒྱ་ཕྲག་མང་པོ་འགྲེམ་འཇོག་བྱས་ཏེ་བོད་པ་ཚོས་ངོ་རྒོལ་བྱེད་སྲིད་པའི་དོགས་ཟོན་བྱས་ཡོད་པ་མ་ཟད། དེང་སྐབས་རྔ་པ་གཙོ་བོར་གྱུར་པའི་བོད་ཀྱི་ས་ཁག་མང་དག་ཅིག་ལ་བོད་པ་ཚོས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་། རྨ་ཆུ་རྫོང་དུ་རྟ་རྒྱུག་གི་དགའ་སྟོན་ཚུགས་ཡོད་པ་འོས་འཚམ་ཡིན་མིན་བཅས་ལ་བོད་ཕྱི་ནང་གཉིས་སུ་གླེང་སློང་ཤུགས་ཆེ་བྱུང་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG