ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

མགོ་ལོག་བཟོད་པ་སྤྲུལ་སྐུས་བོད་རང་དབང་གི་ཆེད་དུ་རང་ལུས་མེར་སྲེག་བཏང་བ།


མགོ་ལོག་བཟོད་པ་སྤྲུལ་སྐུས་བོད་རང་དབང་གི་ཆེད་དུ་རང་ལུས་མེར་སྲེག་བཏང་བ།
མགོ་ལོག་བཟོད་པ་སྤྲུལ་སྐུས་བོད་རང་དབང་གི་ཆེད་དུ་རང་ལུས་མེར་སྲེག་བཏང་བ།

བོད་ས་མགོ་ལོག་དར་ལག་རྫོང་དུ་སྤྱི་ཟླ་དང་པོའི་ཚེས་པ་བརྒྱད་ཉིན་གྱི་སྔ་དྲོའི་ཆུ་ཚོད་དྲུག་པ་ཙམ་ཞིག་ལ་ དགེ་འདུན་པ་ཞིག་གིས་རང་ལུས་ལ་མེ་སྤར་ཏེ་ རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དེ་ནི་ སྤྱི་ལོ་གསར་པ་འདིའི་ནང་རང་ལུས་མེར་སྲེག་གཏོང་མཁན་བོད་མི་གསུམ་པ་དེ་ཡིན་ཞིང་ སྐུ་བཤེགས་ཁོང་ནི་གུང་གྲངས་༤༢ལ་ཕེབས་པའི་མགོ་ལོག་དགའ་བདེ་རྫོང་གི་སྟོང་སྐྱོབ་དགོན་པའི་སྤྲུལ་སྐུ་བསོད་ནམས་དབང་རྒྱལ་ཡིན་པ་ས་གནས་ཀྱི་བོད་མི་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG