ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གིས་ངོ་རྒོལ་ལ་འཛམ་གླིང་ཡུལ་གྲུ་མང་པོའི་ནང་རྒྱབ་སྐྱོར་བྱེད་བཞིན་པ།


ཨོས་ཀྲོ་ལི་ཡ་དང་། ཁེ་ཎ་ཌ། ཨ་རི། གྲེན་མག ཕེ་རན་སེ། མ་ལེ་ཤི་ཡ་སོགས་འཛམ་གླིང་ཡུལ་གྲུ་མང་པོའི་ནང་གནས་སྡོད་བྱེད་བཞིན་པའི་ཧོང་ཀོང་གི་མི་རིགས་ཚོས་ད་ལྟ་ཧོང་ཀོང་ནང་རྒྱ་ནག་གཞུང་ལ་མི་མང་གིས་མང་གཙོའི་ཐོབ་ཐང་ཆེ་བ་སྤྲོད་དགོས་པའི་ངོ་རྒོལ་བྱེད་བཞིན་པར་རྒྱབ་སྐྱོར་ཀྱི་མིང་རྟགས་བསྡུ་རུབ་དང་། ཁྲོམ་སྐོར་བྱས་པ། འབྲེལ་ཡོད་རྒྱལ་ཁབ་སོ་སོའི་གཞུང་ལ་སྙན་ཞུ་འབུལ་བ། ཨ་རིའི་ཕོ༌བྲང་དཀར་པོའི་དྲ་རྒྱའི་ནང་མི་གྲངས་ཆིག་འབུམ་བདུན་ཁྲི་བརྒྱད་སྟོང་ཐམ་པས་ཞུ་སྙན་ཕུལ་ཡོད་པར་བརྟེན་ཨ་རིའི་གཞུང་གིས་ཧོང་ཀོང་གི་གནད་དོན་དེའི་ཐོག་ལན་གསལ་ཞིག་བྱ་དགོས་པ་དང་། དེ་བཞིན་མི་སྒེར་སོ་སོའི་ངོ་དེབ་ནང་དར་ཆིངས་སེར་པོ་བཞག་སྟེ་ཧོང་ཀོང་ངོ་རྒོལ་བ་ཚོར་གདུང་སེམས་མཉམ་སྐྱེས་ཡོད་པའི་རྣམ་པ་བསྟན་ཏེ་ད་བར་མི་གྲངས་སྟོང་ཕྲག་ཉི་ཤུ་ཐམ་པས་ངོ་དེབ་ནང་དར་ཆིངས་སེར་པོ་བཞག་ཡོད་པ་སོགས་ལས་འགུལ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་པ་དང་། ཕྱོགས་མཚུངས་ཁོང་ཚོས་ཧོང་ཀོང་ཉེན་རྟོགས་པས་ཞི་བའི་ངོ་རྒོལ་བ་ཚོར་མཆི་བྱིན་དུག་རླངས་འཕེན་པ་དང་། བེར་རྒྱུག་བཞུས་པར་སྐྱོན་བརྗོད་བྱས་པ་སོགས་ཀྱི་གནས་ཚུལ་གསར་འགྱུར་བརྒྱུད་ལམ་ནང་ཐོན་པ་ཁག་ཕྱོགས་བསྡུས་ཀྱི་བྱེ་གཞོང་བློ་བཟང་ཚུལ་ཁྲིམས་ཀྱིས་ཕབ་བསྒྱུར་དང་། །སྙན་སྒྲོན་ཞུས་གནང་གི་རེད།

XS
SM
MD
LG