ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

ཐུགས་དམ་བཞུགས་མཁན་དགེ་བཤེས་བློ་བཟང་དབང་རྒྱལ་ཀྱི་སྐུ་ཕུང་ཞུགས་འབུལ་གྲུབ་པ།


བོད་མི་མང་སྤྱི་འཐུས་ཟུར་པ་དགའ་ལྡན་ཤར་རྩེ་ཕུ་ཁང་ཁང་ཚན་གྱི་་དགེ་བཤེས་བློ་བཟང་དབང་རྒྱལ་ལགས་ད་བར་ཉིན་ཞག་བཅུ་དྲུག་གི་རིང་ཐུགས་དམ་བཞུགས་པའི་རྗེས་ ད་ཆ་ཁོང་གི་སྐུ་ཕུང་ལུགས་མཐུན་ཆོ་ག་དང་འབྲེལ་བའི་སྒོ་ནས་ཞུགས་འབུལ་ཞུས་གྲུབ་པ་རེད།་བྱས་ཙང་ལས་རིམ་འདིའི་ནང་པདྨ་བདེ་ཆེན་ལགས་ཀྱིས་དགེ་བཤེས་བློ་བཟང་དབང་རྒྱལ་ལགས་དམ་པ་དེ་ཐུགས་རྒྱུས་ལེགས་པོ་ཡོད་མཁན་ཨ་རིའི་ལོ་སི་ ཨེན་ཇི་ལེསེ་མངའ་སྡེའི་ནང་རྟན་གཞི་བྱས་པའི་དགའ་ལྡན་ཤར་རྩེ་ཐུབ་བསྟན་དར་རྒྱས་གླིང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་ཚེ་ཐར་ལགས་སུ་དགེ་བཤེས་བློ་བཟང་དབང་རྒྱལ་ལགས་དམ་པ་དེའི་མཛད་རྗེས་སྐོར་གནས་འདྲི་ཞུས་པ་དེ་གསན་རོགས་གནང་།
XS
SM
MD
LG