ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རི་དང་ཉི་ཧོང་གི་རྒྱལ་སྲུང་མཉམ་འབྲེལ།


ཨ་རི་དང་ཉི་ཧོང་གི་རྒྱལ་སྲུང་མཉམ་འབྲེལ།
ཨ་རི་དང་ཉི་ཧོང་གི་རྒྱལ་སྲུང་མཉམ་འབྲེལ།

ཨ་མི་རི་ཀའི་རྒྱལ་སྲུང་དྲུང་ཆེ་རོ་བྷར་ཊི་གྷེ་ཊི་ཡིས་ཉི་ཧོང་གི་སྲིད་བློན་དང་ཕྱི་སྲིད་བློན་ཆེན། ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ལ་ཐུག་འཕྲད་གྲོས་མོལ་བྱས་ཡོད་པ་དང་། ཁོང་གིས་བྱང་ཀོ་རི་ཡས་སྔར་བཞིན་ཚུར་རྒོལ་བྱས་ནས་འཁྲུག་རྩོད་སློང་བའམ། རྒྱ་ནག་གི་དམག་གི་སྟོབས་ཤུགས་ཇེ་ཆེར་སོང་ནས་ཨེ་ཤེ་ཡའི་ཞི་བདེ་བརྟན་ལྷིང་ལ་ཉེན་ཀ་འབྱུང་ཚེ། ཉི་ཧོང་དང་ཨ་མི་རི་ཀའི་དམག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་འགོག་རྒོལ་བྱེད་དགོས་པ་དང་། ཨ་མི་རི་ཀ་དང་ཉི་ཧོང་གཉིས་མཉམ་འབྲེལ་བྱེད་དགོས་པའི་དམག་དོན་འཐབ་ཇུས་གསར་པ་ཞིག་གྲ་སྒྲིག་བྱེད་རྒྱུ། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་གཏན་འབེབས་བྱས་པའི་ཉི་ཧོང་གི་རྩ་ཁྲིམས་སུ་དམག་དཔུང་ཚད་བཀག་བྱས་ཡོད་རུང་། དུས་རབས་༢༡་པ་འདིར་ཉི་ཧོང་དམག་གི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ལ་བསྒྱུར་དགོས་པ་དང་། ཉི་ཧོང་གི་གཞུང་འབྲེལ་མི་སྣ་ཚོས་རང་གི་རྒྱལ་སྲུང་དམག་དཔུང་ཡར་རྒྱས་གཏོང་རྒྱུ་དེར་ཤུགས་སྣོན་བརྒྱབ་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད།།

XS
SM
MD
LG