ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིས་ལྷོ་ཤར་ཨེ་ཤི་ཡའི་ཡུལ་ཁག་ལ་གསང་མྱུལ་བྱེད་ཀྱི་ཡོད་སྲིད་པ།


ཨ་མེ་རི་ཀའི་རྒྱལ་ཁབ་སྲུང་སྐྱོབ་ལས་དོན་ལྷན་ཁང་གིས། རྒྱལ་ཁབ་ཀྱི་ བདེ་འཇགས་དོན་དུ། ལྷོ་ཤར་ཨེ་ཤི་ཡའི་ས་ཁུལ་དེ་གསང་མྱུལ་བྱ་ཡུལ་དུ་ དམིགས་ཀྱི་ཡོད་པའི་གནས་ཚུལ་གསར་པ་ཐོན་བཞིན་པར་བརྟེན། ལྷོ་ཤར་ ཨེ་ཤི་ཡའི་ཡུལ་ཁག་གཙོ་ཆེ་རྣམས་ཀྱིས་གནད་དོན་དེའི་ཐད། བློ་ཕམ་ དང་བློ་འཚབ་ཡོད་པའི་གཏམ་བཤད་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར་རྒྱལ་སྤྱིའི་ གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་རྣམས་བྱང་ཆུབ་སྒྲོལ་ མས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུས་པ་ཞིག་གསན་གྱི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG