ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་ནག་གི་བཟོ་བ་ཚོས་སླར་ཡང་ཉི་ཧོང་གི་རླངས་འཁོར་བཟོ་གྲྭ་ཞིག་ལ་ལས་བཤོལ་ངོ་རྒོལ།


རྒྱ་ནག་གི་ལྷོ་ཕྱོགས་སུ་ཡོད་པའི་ཉི་ཧོང་གི་རླངས་འཁོར་བཟོ་གྲྭ་ཞིག་གི་བཟོ་བ་ཚོས་སླར་ཡང་ལས་མཚམས་བཞག་སྟེ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང༌། ཁོང་ཚོས་ཧོན་ཌན་རླངས་འཁོར་བཟོ་ཚོང་ཁང་ལ་རྒྱ་ནག་གི་བཟོ་བ་ཚོར་གླ་ཕོགས་སྤར་ཏེ། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་ཕན་དེ་རྣམས་བཟོ་བ་ཚོ་ལའང་ལོངས་སུ་སྤྱོད་པའི་ཐོབ་ཐང་སྤྲོད་དགོས་ཞེས་སྐད་འབོད་བྱེད་ཀྱི་ཡོད་པ་དང༌། རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གྱི་ཧཕུ་ཧན་ས་གནས་སུ་ཡོད་པའི་ཉི་ཧོང་གི་རླངས་འཁོར་བཟོ་གྲྭ་དེའི་འཛིན་སྐྱོང་འགན་འཛིན་ཚོས་བཟོ་བ་༡༠༠་ལྷག་ལས་གྲྭ་ནས་ཕྱིར་འབུད་བཏང་ཡོད་པས། ཕྱི་ཟླ་༧་ཚེས་༡༢་ནས་ཧོན་ཌ་རླངས་འཁོར་བཟོ་གྲྭ་དེའི་རྒྱ་ནག་གི་བཟོ་བ་༡༧༠་ལྷག་གིས་ལས་བཤོལ་ངོ་རྒོལ་བྱེད་རྒྱུ་འགོ་བཙུགས་པ་དང༌། རྒྱ་ནག་གཞུང་གིས་ཉེན་རྟོག་པ་བཏང་ནས་བཟོ་བ་ཚོར་ཟིང་འཁྲུག་སློང་དུ་འཇུག་གི་མེད་རུང༌། ཁོང་ཚོས་བཟོ་བ་ཚོར་ལས་བཤོལ་ངོ་རྒོལ་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་བཙན་བཀའ་ཡང་གཏོང་གི་མེད་པ་རེད།

XS
SM
MD
LG