ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧྥ་རན་སིས་ལི་བི་ཡའི་མི་མང་གྱེན་ལོག་པར་སྲུང་སྐྱོབ།


ཧྥ་རན་སིས་ལི་བི་ཡའི་མི་མང་གྱེན་ལོག་པར་སྲུང་སྐྱོབ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་ལི་བི་ཡའི་མི་མང་གྱེན་ལོག་པའི་ས་ཁུལ་ཁག་དང་། ལི་བི་ཡའི་མི་མང་གྱེན་ལོག་པའི་དབང་སྒྱུར་འོག་ཏུ་ཡོད་པའི་ས་ཁུལ་དེ་དག་གི་བར་སྣང་ཁམས་སུ་རྒྱལ་ཁབ་དེའི་གཞུང་དམག་གི་འཐབ་འཛིན་གནམ་གྲུ་འཕུར་སྐྱོད་མི་ཆོག་པའི་སྲུང་སྐྱོབ་བྱས་ཏེ་། གལ་ཏེ་ལི་བི་ཡའི་གནམ་དམག་གིས་སྔར་བཞིན་མི་མང་གྱེན་ལོག་པའི་བཙན་ས་ཁག་ལ་མཁའ་ཐོག་ནས་གཏོར་རྒོལ་བྱེད་ཚེ། ནུབ་ཆིངས་ཁོངས་སུ་ཡོད་པའི་རྒྱལ་ཁབ་ཁག་གིས་འཐབ་འཛིང་གནམ་གྲུ་བཏང་ནས་ལི་བི་ཡའི་བར་སྣང་ཁམས་སུ་སྐོར་གཡེང་བྱེད་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་བི་ཡའི་མི་མང་གྱེན་ལོག་པ་ཚོར་སྲུང་སྐྱོབ་དང་སྲིད་འཛིན་གྷ་དྷ་ཧྥིའི་གནམ་དམག་ལ་ཕར་རྒོལ་བྱེད་ཆོག་པའི་གྲོས་ཆོད་བཞག་སྟེ། ད་ལྟ་ཧྥ་རན་སིའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན། རྒྱལ་སྲུང་བློན་ཆེན་དང་གྲོས་ཚོགས་འཐུས་ཚོ་ཛ་དྲག་གི་ཚོགས་འདུ་ཚོགས་པ་དང་། ཧྥ་རན་སི་གཞུང་གིས་འགོ་ཁྲིད་ནས་ལི་བི་ཡའི་གཞུང་དམག་གི་འཐབ་འཛིང་གནམ་གྲུ་འཕུར་སྐྱོད་བྱེད་མི་ཆོག་པའི་ས་ཁུལ་ཞིག་དབྱེ་བ་འབྱེད་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG