ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨིན་ཡུལ་གྱི་དེ་སྔའི་སྲིད་བློན་ལྕམ་མ་གྷེརེཌ་ཐེ་ཆར་ཡི་སྐུ་ཚེའི་འཕེན་པ་རྗོགས་པ།


ཨིན་ཡུལ་གྱི་དེ་སྔའི་སྲིད་བློན་ལྕམ་ Margaret Thatcher གུང་གྲངས་བརྒྱད་ཅུ་གྱ་བདུན་ཐོག་ཁ་ས་གཟའ་ཟླ་བའི་ཉིན་སྐུ་བཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པ་དང་། ཁོང་ནི་ཨིན་ཡུལ་གྱི་བེུད་སྲིད་བློན་དང་པོ་དེ་ཡིན་པ་མ་ཟད་ སྲིད་བློན་དུ་བསྐྱར་འདེམས་ཐེངས་གཉིས་བྱུང་སྟེ་ཁྱོན་བསྡོམས་མི་ལོ་༡༢མིན་ཙམ་རིང་ཨིན་ཇིའི་གཞུང་གི་འགོ་ཁྲིད་གནང་མྱོང་ཡོད་པ་རེད། ཁོང་ལ་རྗེས་ཤུལ་བུ་ཕྲུག་གཉིས་ཡོད་འདུག སྐུ་བཤེགས་ལྕམ་དེའི་སྐུ་ཚེའི་བྱས་རྗེས་སྐོར་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་Laurie Kassman གྱིས་སྤེལ་བའི་གནས་ཚུལ་དེ་པདྨ་བདེ་ཆེན་ལགས་ཀྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG