ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཆབ་མདོར་རང་ལུས་མེར་སྲེག་གི་ངོ་རྒོལ།


ཕྱི་ཟླ་༡༢་ཚེས་༡་ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་ཡོད་པའི་ཆབ་མདོ་ས་ཁུལ། ཆབ་མདོ་རྫོང་གི་ཀརྨ་ཤང་དུ་རང་ལོ་༤༦་ལ་སོན་པའི་བོད་པ་བསྟན་འཕྲིན་ཕུན་ཚོགས་ཞེས་པ་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱས་ཡོད་པ་དང་། ཁོང་གིས་ཉིན་ཤས་གོང་དུ་རང་གི་གྲོགས་པོ་དང་ངོ་ཤེས་ཚོར་རྒྱ་ནག་གཞུང་གིས་བོད་མི་དམངས་ལ་དྲག་གནོན་བྱེད་ཀྱི་ཡོད་པ་དང་ཀརྨ་དགོན་པའི་མཁན་པོ་རྣམ་པ་གཉིས་དང་གྲྭ་དམངས་འཛིན་བཟུང་དང་བཀག་ཉར་བྱེད་ཀྱི་ཡོད་པ་འདིར་གཏན་ནས་བཟོད་ཐབས་མི་འདུག་ཅེས་གླེང་མོལ་བྱས་ཡོད་ཅིང་། ཁ་སང་གི་ངོ་རྒོལ་རྗེས་སུ་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པས་བསྟན་འཛིན་ཕུན་ཚོགས་ཆབ་མདོ་ས་ཁུལ་གྱི་དམག་གི་སྨན་ཁང་ཞིག་ལ་ཁྲིད་ནས་སྨོན་བཅོས་བྱེད་ཀྱི་ཡོད་པའི་སྐད་ཆ་ཙམ་ལས་ཁོང་གི་གནས་སྟངས་ངོ་མ་ཅི་ཡིན་བཟའ་ཟླ་བུ་ཕྲུག་ཚོ་ལའང་འགྲེལ་བཤད་དང་ཐུག་འཕྲད་བྱེད་དུ་བཅུག་་མེད་པ་དང་། བསྟན་འཛིན་ཕུན་ཚོགས་ཀྱི་ལུས་པོ་ཧྲིལ་བོ་མེར་ཚིག་ནས་མི་སུ་ཡིན་དང་ཕོ་མོ་གང་ཡིན་གྱི་ཁྱད་པར་ཀྱང་ཤེས་ཐབས་མེད་པ་ཞིག་ལ་གྱུར་ཡོད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་འབྲེལ་གནས་ཚུལ་མཁོ་སྤྲོད་པ་ཞིག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་དེར་གསན་རོགས་གནང་།

XS
SM
MD
LG