ངོ་འཕྲད་བདེ་བའི་དྲ་འབྲེལ།

བདེ་སྲུང་བཀའ་ཟུར་དམ་པའི་གདུང་རུས་བོད་ལ་གདན་འདྲེན།


བཙན་བྱོལ་བོད་གཞུང་གི་བདེ་སྲུང་བཀའ་བློན་ཟུར་པ་ཨ་ལགས་འཇིགས་མེད་དམ་པ་དེ་ཉིད་ཀྱི་གདུང་རུས་བོད་ལ་གདན་འདྲེན་ཞུས་པ་དང་། ཕྱི་ཟླ་༩་ཚེས་༢༧་གྱི་ཞོགས་པར་གདུང་རུས་ཟི་ལིང་གནམ་ཐང་དུ་འབྱོར་པའི་སྐབས་སུ་མདོ་སྨད་རེབ་གོང་ཕྱོགས་ཀྱི་དགོན་སྡེ་ཁག་དང་ལྷ་སྡེ་མི་སྡེ། ད་དུང་བཀའ་ཟུར་དམ་པ་དེར་འབྲེལ་བ་ཡོད་པའི་ཤེས་ཡོན་ཅན་དང་སེར་སྐྱ་མི་མང་སྟོང་ཕྲག་མང་པོས་གདུང་རུས་འཁྱེར་པའི་རླངས་འཁོར་པ་བསུ་བ་གཟབ་རྒྱས་ཞུས་ཏེ། བཀའ་ཟུར་དམ་པ་དེས་སྐུ་ཚེ་ཧྲིལ་བོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བཙན་བྱོལ་བོད་གཞུང་ལ་སྲི་ཞུ་བསྒྲུབས་ཏེ་སྐུ་ཚེའི་འཕེན་པ་རྫོགས་པར་རྗེས་དྲན་དང་རྗེས་སུ་ཡི་རང་ཞུས་པ་མ་ཟད། མི་མང་གིས་བཀའ་ཟུར་དམ་པ་དེའི་གདུང་རུས་ལ་མཇལ་བཞིན་ཡོད་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་རྒྱ་གར་དྷ་རམ་ས་ལའི་ནོར་གླིང་བོད་ཀྱི་རིག་གཞུང་ཉམས་ཞིབ་ཁང་གི་འགན་འཛིན་དང་བཀའ་ཟུར་དམ་པ་དེའི་རྣམ་ཐར་རྩོམ་པ་པོ་རྡོ་རྗེ་དབང་ཕྱུག་ལགས་སུ་བཅར་འདྲི་ཞུས་པའི་གནས་ཚུལ་དེར་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG