ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་ཚོར་བླ་ཆེན་མཇལ་བའི་སྐལ་བ་མེད་པ།


གཟའ་འཁོར་སྔོན་མར་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད། ཕོབ་ཧྥ་རན་སི་སི་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་རྣམ་དོགས་དང་རྒོལ་ཐུག་གི་བསམ་བློའི་ལྟ་བ་རྒྱང་དུ་འདོར་དགོས་པ་དང་། དམག་འཁྲུག་གིས་ཁ་བྲལ་དུམ་བུར་བཏང་བའི་ཀོ་རི་ཡའི་གླིང་ཟུར་དེར་ཞི་བདེས་ཁྱབ་པར་བྱེད་པའི་ཐབས་ལམ་གསར་པ་ཞིག་འཚོལ་དགོས་ཞེས་གསུང་བཤད་གནང་སྟེ། གཟའ་ཟླ་བའི་ཉིན་བླ་ཆེན་མཆོག་གི་ལྷོ་ཀོ་རི་ཡའི་འཚམས་འདྲི་ལེགས་གྲུབ་བྱུང་རུང་། ལྷོ་ཀོ་རི་ཡའི་ཁྱིམ་མཚེས་སུ་ཡོད་པའི་རྒྱ་ནག་གི་ཡེ་ཤུ་ཆོས་དད་པ་ཚོར་བླ་ཆེན་མཆོག་གི་ཞལ་རས་མཇལ་བ་དང་གསུང་ཐོས་རྒྱུ་ནི་བསྐལ་བའི་ཡུལ་ལྟར་ཧ་ཅང་གི་རྒྱང་ཐག་རིང་པོ་ཞིག་ལ་གྱུར་ཡོད་པའི་ཚོར་སྣང་ཞིག་ཡོང་གི་ཡོད་ཅིང་། དཔེར་ན་པེ་ཅིང་གི་ཡེ་ཤུ་ལྷ་ཁང་རྙིང་ཤོས་དེའི་ཕྱི་ལོགས་སུ་རང་ལོ་༢༧་ལ་སོན་པའི་ཞབས་བྲོ་སློབ་མཁན་དགེ་རྒན་ཕུ་གེ་ཞེས་པ་ཞིག་རྐུབ་ཀྱག་ཐོག་མར་བསྡད་དེ། ཁོང་གིས་ཡེ་ཤུའི་གསུང་རབས་ནང་དུ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ནི་ལུག་རྫི་དང་། ཁོང་གི་གདུལ་བྱ་རྣམས་ལུག་ལྟ་བུ་ཡིན་ཞེས་གསུངས་པའི་ཚན་པ་དེར་བསམ་བློ་བཏང་སྟེ། ང་བླ་ཆེན་ཕོབ་མཆོག་ལ་མཇལ་འདོད་ཆེན་པོ་ཡོད། ཡིན་ནའང་ཁོང་གི་མཇལ་ཁ་འཐོབ་རྒྱུ་ནི་ཧ་ཅང་གི་རྒྱང་ཐག་རིང་པོ་ཞིག་རེད་ཅེས་སྐྱོ་སྣང་གི་སྒོ་ནས་གསར་འགོད་པར་གླེང་མོལ་བྱས་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG