ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

༧གོང་ས་མཆོག་གིས་སེམས་བསྐྱེད་ཀྱི་སྡོམ་པ་གནང་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཕྱི་ཟླ་༦་པའི་ཚེས་༥་སྟེ། སངས་རྒྱས་ཆོས་ལུགས་ཀྱི་སྲོལ་འབྱེད་པ་སྟོན་པ་ཤཀྱ་ཐུབ་པ་སྐུ་བལྟམས་པ་དང་མངོན་པར་རྫོགས་པར་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་དེར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོའི་རྒྱ་གར་གྱི་ཆུ་ཚོད་༩་པར་དྲྭ་ལམ་དུ་སེམས་བསྐྱེད་ཀྱི་སྡོམ་པ་གནང་གཏན་ཁེལ་ཡོད་ཅེས་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཆོས་བརྡ་ཞིག་བཀྲམ་འདུག་ཅིང་།

XS
SM
MD
LG