ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་ཇིབ་ཀྱི་ངོ་རྒོལ་བ་ཕྱོགས་ཁག་གཉིས་ཀྱི་འཁྲུག་འཛིང་།


ཨི་ཇིབ་ཀྱི་ངོ་རྒོལ་བ་ཕྱོགས་ཁག་གཉིས་ཀྱི་འཁྲུག་འཛིང་།

ཨི་ཇིབ་ཀྱི་རྒྱལ་སར་སྲིད་འཛིན་མུ་བྷ་རག་གི་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དང་། ཁོང་གི་སྲིད་གཞུང་ལ་ངོ་རྒོལ་ཡོད་བྱེད་མཁན་ཤོག་ཁག་གཉིས་ཀྱི་མི་མང་དེ་རྣམས་ལག་འཛིང་ཐུག་སྟེ། ད་རེས་ཀྱི་འཁྲུག་འཛིང་སྐབས་སུ་ཉུང་མཐའ་ཡང་མི་བཞི་ལ་འཆི་རྨས་བྱུང་ཞིང་། ཨི་ཇིབ་གཞུང་གིས་བཀག་འགོག་བྱས་པའི་ཡུལ་དེའི་ཕྱོགས་འགལ་ཚོགས་པ་སྟོབས་ཤུགས་ཆེ་ཤོས་དེ་ནི། ཁ་ཆེ་སྤུན་ཟླ་ཚོགས་པ་ཡིན་པ་དང་། ཚོགས་པ་དེས་སྲིད་འཛིན་མུ་བྷ་རག་རང་གི་ལས་གནས་ནས་འཕྲལ་དུ་དགོངས་ཞུ་དགོས་པ་དང་། དེ་ལྟར་མ་བྱུང་བར་ཁོང་ཚོས་སྲིད་གཞུང་ལ་གྲོལ་མོལ་བྱེད་རྒྱུ་མིན་ཟེར་གྱི་ཡོད་པ་མ་ཟད། སང་ཉིན་གཟའ་པ་སངས་ཉིན་ཁ་ཆེ་སྤུན་ཟླ་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་དེ་དར་ཁྱབ་ཆེ་རུ་གཏོང་རྒྱུའི་བརྡ་ཁྱབ་བཏང་ཡོད་པ་དང་། གལ་ཏེ་ཁ་ཆེའི་སྤུན་ཟླ་ཚོགས་པར་ཨི་ཇེབ་ཀྱི་སྲིད་དབང་ཐོབ་ཚེ། ཨི་ཇིབ་དང་ནུབ་ཕྱོགས་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་དེ་དཀའ་ངལ་ཞིག་ལ་འགྱུར་ཉེན་ཡོད་པ་རེད།

XS
SM
MD
LG